ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་ཚོང་ཟོག་དངོས་མང་འགྲེམས་ཚོགས་འགོ་བརྩམས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན་ལ། 2020ལོའི་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་ཚོང་ཟོག་དངོས་མང་འགྲེམས་ཚོགས་དེ་ཀན་ལྷོའི་རིག་གནས་ཡུལ་སྐོར་འགྲེམས་ཚོགས་ལྟེ་གནས་སུ་འགོ་བརྩམས་ཤིང་། ཐེངས་འདིའི་ཚོང་ཟོག་དངོས་མང་འགྲེམས་ཚོགས་ནི་རང་ཁུལ་གྱི་རིམས་ནད་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་རྗེས་སྤེལ་བའི་ཚོང་ཟོག་ཉོ་ཚོང་གི་བྱ་འགུལ་ཆེ་གྲས་ཤིག་ཡིན་ལ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་བྱ་བ་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། དེའི་དམིགས་ཡུལ་ནི་གཙོས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་རྒྱུ་དང་། གཙོས་གྲོང་ཁྱེར་གྱི་ཕྱི་ཕྱོགས་སྣང་བརྙན་ཇེ་ལེགས་སུ་བཏང་སྟེ་འཛད་སྤྱོད་ལ་སྐུལ་མ་གཏོང་བ་དང་ནང་མཁོ་རྒྱ་བསྐྱེད་པ། རིག་གནས་ཡུལ་སྐོར་ཚོང་ར་འཁྲུག་པོར་བཏང་ནས་གྲོང་ཁྱེར་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

འགྲེམས་ཚོགས་ཀྱིས་ཁུལ་ཕྱི་ནང་གི་ཁེ་ལས་དང་ཀུང་སི150ལྷག་ཙམ་གདན་ཞུ་བྱས་ཡོད་ལ། ཀན་ལྷོའི་ཁྱད་ལྡན་ཐོན་རྫས་དང་མི་རིགས་ཀྱི་གྱོན་ཆས། ཡུལ་སྐོར་བཟོ་རྩལ་ཐོན་རྫས། རིན་པོ་ཆེ་དང་གཡང་ཊིའི་ཡོ་བྱད། འཚོ་བའི་མཁོ་ཆས་སོགས་ཡོད་པ་དང་། དུས་མཚུངས་སུ་ཁྱད་ལྡན་དྲ་རྒྱའི་ཟས་མཆོག་ཁྲོམ་གཞུང་ཞིག་བཙུགས་ཏེ། ལྷོ་བྱང་གི་ཁྱད་ཆོས་དང་ས་གནས་ཀྱི་སིལ་ཟས་གཅིག་བསྡུས་ཀྱིས་ཡུལ་སྐོར་བར་ཀན་ལྷོའི་རིག་གནས་ཡུལ་སྐོར་ཐོན་རྫས་ཤེས་རྟོགས་གང་ལེགས་ཐུབ་པ་བྱས།

ཐེངས་འདིའི་ཚོང་ཟོག་འགྲེམས་ཚོགས་དེ་ཟླ 7པའི་ཚེས18ཉིན་འགོ་ཚུགས་པ་དང་ཟླ8པའི་ཚེས6ཉིན་མཇུག་སྒྲིལ་རྒྱུ་ཡིན་པས་དུས་ཡུན་ཉིན20ཡིན་ལ། ཀན་ལྷོའི་ཡུལ་སྐོར་ལས་རིགས་མ་འཇོག་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།