ཀྲུང་གོ་བོད་ཀྱི་དྲ་བ།

​སྐབས་ཉི་ཤུ་བའི་མདོག་དགུའི་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཇུས་འགོད་འཆར་གཞིའི་སྙན་ཞུའི་གྲོས་ཚོགས་ཚོགས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྐབས་ཉི་ཤུ་བའི་མདོག་དགུའི་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་ཇུས་འགོད་འཆར་གཞིའི་སྙན་ཞུའི་གྲོས་ཚོགས་ལིན་ཐན་འགོ་ནང་ཐང་དུ་ཚོགས།

ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད། དབྱང་ཝུའུ་དང་ལུའི་ཀྲེ་ཅུན། ལིའུ་ཡུང་ཀོ ཝང་ཧྥང་། དབྱང་ཀྲིན་ལིན། ཀྲོའུ་མེ་སོགས་ཁུལ་གྱི་འགོ་ཁྲིད་པ་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སུ་བྱ་འགུལ་ཇུས་འགོད་ཀུང་སིས་སྐབས་ཉི་ཤུ་བའི་མདོག་དགུའི་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཁྲོད་ཀྱི་གྲོས་རིམ་རེ་རེའི་ཇུས་འགོད་དང་གནད་འགག་རེ་རེའི་བརྒྱུད་རིམ་ཚོད་འཛིན་སོགས་ཀྱི་ཞིབ་ཕྲའི་བྱ་བ་སྙན་ཞུ་ཕུལ། ཚོགས་ཞུགས་འགོ་ཁྲིད་པས་གསར་གཏོད་ཇུས་གཞིར་གྲོས་བསྡུར་རྒྱ་ཁྱབ་བྱས་པ་མ་ཟད། བཟོ་བཅོས་བྱ་རྒྱུའི་ཐད་དུ་བསམ་འཆར་དང་གྲོས་འགོ་བཏོན།

ཡུས་ཁྲིན་ཧུའེ་ཡིས་སྙན་ཞུ་དང་ཚང་མའི་གཏམ་བཤད་ལ་ཉན་རྗེས། དེང་སྐབས། མདོག་དགུའི་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དེ་ཁུལ་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་ཡུལ་སྐོར་ཐོན་རྫས་དྲིལ་བསྒྲགས། ས་ཁོངས་མཉམ་ལས་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་དུས་ཆེན་གྱི་སྤུས་རྟགས་གྲགས་ཅན་ཞིག་ཏུ་གྱུར་ཡོད་ལ། ཁུལ་ཡོངས་ཀྱི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་ཐོན་ལས་ཀྱི་སྤུས་ཚད་རིམ་སྤར་བྱེད་པར་སྐུལ་འདེད་བཏང་ནས། ཀན་ལྷོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གཙོ་བོ་ཞིག་ཀྱང་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཡུལ་སྐོར་དུས་ཆེན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གང་ལེགས་བྱས་ཏེ་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་ལེན་བྱ་དགོས་ཞེས་བསྟན།

ཡུས་ཁྲིན་ཧུའེ་ཡིས་ད་ལོའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་དབུལ་ཐར་མཁྲེགས་གཏོར་ཕྱོགས་ཡོངས་ནས་མཇུག་བསྡུ་བ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་བབ་འོག་སྤེལ་བས་དོན་སྙིང་དམིགས་བསལ་ལྡན་ཡོད། ང་ཚོས་ངེས་པར་དུ་ལངས་གནས་ཇེ་མཐོར་གཏོང་བ་དང་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ། བརྗོད་བྱ་གཙོ་བོ་སྟངས་འཛིན་བྱེད་པ། བོད་ཁུལ་ལ་བཀྲག་མདངས་འཚེར་བ་བཅས་བྱ་དགོས་ལ། དུས་རབས་ཀྱི་འདུ་ཤེས་དང་བསམ་བློའི་རང་བཞིན། ཆབ་སྲིད་ཀྱི་རང་བཞིན་འབུར་ཐོན་ཡོང་བ་བྱས་ནས། དབུལ་ཐར་མཁྲེགས་གཏོར་དང་འབྱོར་འབྲིང་སྤྱི་ཚོགས། ཞིང་སྡེ་དར་རྒྱས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་བརྒྱུད་དེ་ཀན་ལྷོའི་སྙིང་སྟོབས་དང་བོད་ཁུལ་གྱི་རྣམ་པ་འཛམ་གླིང་གི་སྐྱེ་བོ་ཀུན་ལ་འགྲེམ་སྟོན་བྱ་དགོས། འཁྲབ་སྟོན་གྱི་གཞི་ཁྱོན་དང་ལེ་ཚན་གྱི་དུས་ཡུན་གཏན་ཁེལ་འོས་འཚམ་བྱེད་པ་དང་། ལེ་ཚན་གྱི་ནང་དོན་དང་འཁྲབ་སྟོན་བྱེད་སྟངས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པའི་དུས་མཚུངས་སུ། ཀན་ལྷོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་བོ་མངོན་པར་བྱ་དགོས་པ་མ་ཟད། ཏང་གི་འགོ་ཁྲིད་འོག་བོད་ཁུལ་མང་ཚོགས་བདེ་སྐྱིད་ཀྱིས་འཚོ་བའི་བརྗོད་དོན་གཙོ་བོ་དེ་བས་འབུར་དུ་ཐོན་པ་བྱ་དགོས་ཞེས་ནན་གྱིས་བསྟན།

ཡུས་ཁྲིན་ཧུའེ་ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་རྒྱུ་དེ་ད་ལོའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་བྱ་འགུལ་ལེགས་པར་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞིར་བརྩིས་ནས། སྔོན་འགོག་དང་ཚོད་འཛིན་བྱ་བ་དམ་འཛིན་ནན་མོ་བྱས་ཏེ་ཚོགས་ཞུགས་མི་སྣའི་ལྟ་ཞིབ་ཚད་ལེན་དང་དོ་དམ་ལ་ཤུགས་བསྣན་ནས། སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་བརྟན་པོ་འཛུགས་པ་དང་འགོས་ནད་ཀྱི་འབྱུང་ཁུངས་བཀག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ལག་རྩལ་གསར་བ་དང་སྨྱན་སྦྱོར་གསར་བ་བེད་སྤྱོད་གང་ལེགས་བྱས་ནས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པ་དང་དྲ་ཐོག་དང་དྲ་འོག་ཟུང་སྦྲེལ་གྱི་དྲིལ་བསྒྲགས་བྱེད་སྟངས་སྤྱད་དེ་དམངས་ཡོངས་ཞུགས་པར་སྐུལ་སློང་དང་། ཕྱོགས་ཡོངས་དང་ཟུར་མང་བོ་ནས་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་བྱ་འགུལ་གྱི་ཤུགས་རྐྱེན་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། ཀན་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་ཀྱིས་ངོམ་པ་དང་། ཀན་ལྷོའི་སྐད་གྲགས་ཆོད་ཚད་དང་ཕྱི་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།