ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱས་ནས་ཁེ་ལས་བརྒྱ་ལྷག་ལ་ཞིབ་བཤེར་ཐག་གཅོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1594780264923362.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཀན་ལྷོ་ཁུལ་གྱིས“ཁོར་ཡུག་གསར་བརྗེའི”རིམ་སྤོར་པར་གཞི་སྐྲུན་ཏེ། “ས་ཁོངས་ཧྲིལ་བོར་གད་སྙིགས་མེད་པའི”དཔེ་སྟོན་ལ་སྐུལ་འདེད་བཏང་བ་མ་ཟད། “ཁྲིམས་འཛིན་གཟབ་ནན”ལག་བསྟར་བྱས་ནས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་ནན་མོ་བཅད། 2017ལོ་ནས་བཟུང་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་མི་སྣ་མི་ཐེངས4000ལྷག་མངགས་གཏོང་བྱས་ནས། ཁེ་ལས་དང་ལས་དོན་ལས་ཁུངས1400ལྷག་ལ་ཞིབ་བཤེར་བྱས་པ་དང་། ཁེ་ལས166ལ་ཆད་པ་བཅད་པར་དངུལ་ཆད་སྒོར་ཁྲི736ལྷག་ལ་སླེབས་ཡོད།

ཀན་ལྷོ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་སྐོར་དང་པོ། ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་བཟོ་འགོད་ཚོད་ལྟའི་སྡེ་ཚན་དང་། རྒྱལ་ཁབ་ཀྱི་བྱེད་ནུས་ཁུལ་གཙོ་བོ་འཛུགས་སྐྲུན་གྱི་ཚོད་ལྟའི་དཔེ་སྟོན་ས་ཁུལ་ཡང་ཡིན།

ཀན་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་ནས་བཟུང་། ཀན་ལྷོ་ཁུལ་གྱིས《རྨ་ཆུ་རྒྱུག་ཁུལ་གྱི་ཀན་ལྷོའི་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་ལག་བསྟར་ཇུས་གཞི》སོགས་ཁྲིམས་སྲོལ་དང་སྲིད་ཇུས་མང་པོ་གཏན་འབེབས་བྱས་ནས་འགྲེམ་གཏོང་བྱས་པ་མ་ཟད། བཙན་ཐབས་ལ་བརྟེན་ནས་བཙོག་བཅོས་དང་ཁྲིམས་ལྟར་ཁྲིམས་འཛིན་བྱས་པ་རེད། ཁོར་ཡུག་ཁྲིམས་སྐྱོང་གི་གནད་དོན་མང་པོ་ཐག་གཅོད་ནུས་ལྡན་བྱས་པ་བརྒྱུད་དེ། སྐྱེ་ཁམས་གཏོར་བརླག་སོགས་ཁོར་ཡུག་ཁྲིམས་འགལ་གྱི་བྱ་སྤྱོད་བཀག་འགོག་བྱས་ཡོད།

1594780275294595.jpg

སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཀན་ལྷོའི་རྩ་ཐང་།

བསྡོམས་རྩིས་བྱས་པ་ལྟར་ན། ཀན་ལྷོ་ཁུལ་གྱིས“ས་ཁོངས་ཧྲིལ་བོར་གད་སྙིགས་མེད་པའི”བཅོས་སྐྱོང་རིམ་སྤོར་བྱ་སྤྱོད་ལ་སྐུལ་འདེད་བཏང་བ་བརྒྱུད། དྭངས་གཙང་ཞིང་སྡེའི་དཔེ་སྟོན་རྫོང2དང་དྭངས་གཙང་ཞིང་སྡེ258སྐྲུན་ཡོད་ཅིང་། སྲིད་འཛིན་སྡེ་བའི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད95%ལ་སླེབས་ཡོད། དེ་དང་བསྟུན་ནས་གསར་བརྗེའི་ཡུལ་སྐོར་རྣམ་པ་དང་། སྐྱེ་ཁམས་ཉམས་ལེན་རྣམ་པ། སྤྲོ་གསེང་ངལ་གསོ་རྣམ་པ། དམངས་སྲོལ་རིག་གནས་རྣམ་པ། ཁྱད་ལྡན་ཐོན་ལས་རྣམ་པའི་སྐྱེ་ཁམས་དཔལ་ཡོན་དཔལ་འབྱོར་འབྲིང་སྡེ་བ1303སྐྲུན་ནས། མང་ཚོགས་ཁྱིམ་ཚང་ཁྲི10.9དང་མི་ཁྲི48.9ལ་ཕན་པ་ཐོབ་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།