བསང་ཆུ་རྫོང་གི་ཉིང་སྐྱུར་ཞིབ་བཤེར་ཚོད་ལྟ་ཁང་དུས་བཅད་ལྟར་ལེགས་འགྲུབ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བསང་ཆུ་རྫོང་ཉིང་སྐྱུར་ཞིབ་བཤེར་ཚོད་ལྟ་ཁང་དུས་བཅད་ལྟར་ལེགས་གྲུབ་བྱུང་བ་དང་། ཞིབ་བཤེར་རྩིས་ལེན་ཐོབ་རྗེས་རྫོང་ཁོངས་སུ་ཉིང་སྐྱུར་ཞིབ་བཤེར་བྱ་བ་དངོས་སུ་སྤེལ་འགོ་བརྩམ་རྒྱུ་རེད།

རྒྱུས་ལོན་བྱས་པ་ལྟར་ན། ཉིང་སྐྱུར་ཞིབ་བཤེར་ཚོད་ལྟ་ཁང་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ170ཟིན་པ་དང་མ་དངུལ་སྒོར་ཁྲི183བཏང་ཡོད། ཚོད་ལྟ་ཁང་དེ་གཙང་སྦྲའི་ཁུལ་དང་། བར་ཆོད་ཁུལ། ལྟེ་བའི་ཚོད་ལྟ་ཁུལ་བཅས་སུ་དབྱེ་ཡོད། ཚོད་ལྟ་ཁང་དུ་སྐྱོད་མཁན་གྱི་འགོག་སྲུང་སྒྲིག་ཆས་ཚང་མ་ངེས་པར་དུ་སྐྱེ་དངོས་བདེ་འཇགས་ཀྱི་རིམ་པ་གཉིས་པའི་འགོག་སྲུང་ཚད་གཞི་དང་མཐུན་དགོས་པ་དང་། ཉིང་སྐྱུར་ཞིབ་བཤེར་ཚོད་ལྟའི་བརྒྱུད་རིམ་ཚང་མ་ལྡོག་གནོན་གྱི་ཁོར་ཡུག་ཏུ་སྤེལ་དགོས་པ་དང་། ཚོད་ལྟ་ཁང་དངོས་སུ་སྤྱོད་འགོ་ཚུགས་རྗེས། ཆུ་ཚོད24ཡི་ནང་བསྟུད་མར་མ་དཔེ540ལ་ཞིབ་བཤེར་བྱེད་ཐུབ་པ་དང་། ཆུ་ཚོད4ཡི་ནང་ཞིབ་བཤེར་མཇུག་འབྲས་ལྡོག་འདྲེན་བྱ་ཐུབ། “སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་ཡར་ཞུ། སྔ་མོ་ནས་བརྟག་དཔྱད། སྔ་མོ་ནས་ཟུར་འཇོག  སྔ་མོ་ནས་སྨན་བཅོས”བཅས་བྱེད་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད་འགན་ལེན་ནུས་ལྡན་འདོན་སྤྲོད་བྱས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།