ཀྲུང་གོ་བོད་ཀྱི་དྲ་བ།

​ལིན་ཐན་རྫོང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་སྐྲུན་པའི་གྲུབ་འབྲས་སྲ་བརྟན་དང་རིམ་སྤེལ་བྱས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ12པར་ལིན་ཐན་རྫོང་ལ་རྒྱལ་ཁབ་མི་རིགས་བྱ་བྱེད་ཨུ་ཡོན་ལྷན་ཁང་གིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང”ཞེས་མིང་བཏགས། གསར་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་ཆེད་མི་རིགས་བྱ་བ་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་བསླེབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། ལིན་ཐན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མི་རིགས་ཁག་གི“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”གྱི་བརྗོད་དོན་གཙོ་བོ་མུ་མཐུད་སྟངས་འཛིན་ནན་པོ་བྱས་ཏེ། “རྨ་ཆུ་ནས་ཀླུ་ཆུའི་འགྲམ་རྒྱུད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་མཐོར་འདེགས་ཁུལ”གྱི་བྱ་སྤྱོད་ལ་དམིགས་ནས། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་འབད་པ་ལྷོད་མེད་བྱས།   

 “ཞུགས་པ་བཅུ”ཡི་རྟེན་གཞི་མུ་མཐུད་དུ་གསར་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་བྱ་བའི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཤང་གྲོང(སྡོད་ཁུལ། སྡེ་བ)དང་ལས་ཁུངས་ཀྱི་ལས་བྱེད་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་ཚན་དང་མིག་དཔེ་ཁྱིམ་ཚང་། སྔོན་ཐོན་མི་སྒེར་བཅས་ཀྱི་གསོ་སྐྱོང་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་། རིམ་པ་སོ་སོའི་སློབ་གྲྭས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ“སློབ་འགོ་ཚུགས་པའི་སློབ་ཐུན་དང་བོའི”ནང་དོན་གཙོ་བོར་བརྩིས་ནས། མི་རིགས་ཁག་གི་སློབ་མའི་ཁྲོད་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ་བརྟན་པོ་བཙུགས། ཆོས་ལུགས་བྱེད་སྒོ་སྣ་ཚོགས་དང་ཟུང་འབྲེལ་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྟབས་བསྟུན་ངང་སྤེལ་བ་དང་། དམག་མིའི་ཉེན་རྟོག་དམག་སྒར་གྱིས“མཉམ་སྐྲུན”གྱི་རྟེན་གཞི་གང་ལེགས་སྤྱད་དེ་གཞོན་ནུ་དང་བླངས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ། རོང་འབྲོག་མང་ཚོགས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་དང་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆ་སྒྲིག་དྲིལ་བསྒྲགས་བྱ་འགུལ་སྤེལ་བ། སྨན་བཅོས་སྡེ་ཚན་གྱིས་འོས་འགན་སྨན་བཅོས་བྱ་འགུལ་སྤེལ་བ་བརྒྱུད་ཐོགས་མེད་བགྲོད་ལམ་བཏོད་དེ་མི་རིགས་མཐུན་སྒྲིལ་ནད་བཅོས་ཁང་འཛུགས་པ་སོགས་དམངས་ཕན་ཞབས་ཞུའི་བྱ་ཐབས་སྤྱད་དེ་ཏང་གི་སྨན་བཅོས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས།    

ལྟ་ཞིབ་སློབ་སྦྱོང་ལ་ཤུགས་བསྣན་ནས་གསར་གཏོད་བྱ་བ་ཕྱིར་བཤོལ་མི་ཡོང་བ་བྱས། རྫོང་གསར་སྐྲུན་གཞུང་སྒྲུབ་ཁང་གིས་ལྟ་ཞིབ་རྐྱེན་སྲོལ་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་དང་། ཚན་ཆུང་བགོས་པ། དུས་ངེས་གཏན་མེད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“བཅུ་སྐྱོད”གསར་འཛུགས་སྡེ་ཚན་དུ་ཟབ་ཞུགས་བྱས་ནས། གནད་དོན་དང་མི་འདང་སར་དག་ཐེར་ལེགས་བཅོས་ཀྱི་གྲོས་འགོ་བཏོན།    

དྲང་ཕྱོགས་ཀྱི་སྐུལ་ལྕག་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་ཧུར་སེམས་སྐུལ་ནས། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཐིང་དང་། ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་སྐོར་གྱི་འབྲེལ་ཡོད་ལག་བསྟར་ཇུས་གཞིའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། གསར་འཛུགས་གྲོན་དངུལ་དེ་ནོར་སྲིད་སྔོན་རྩིས་ནང་བཅུག་པ་དང་། དེ་དང་ཆབས་ཅིག་ཏུ། ད་ལོའི་ལོ་སྨད་དུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གཏོད་པའི་བྱ་བའི་ཁྲོད་འབུར་དུ་ཐོན་པའི་སྔོན་ཐོན་ཐུན་མོང20དང་། སྔོན་ཐོན་མི་སྒེར40མིག་དཔེའི་ཁྱིམ་ཚང20བཅས་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་ཁེལ་བྱས་ཡོད།  །    

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།