ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུའི་བྱ་བའི་ཚན་ཆུང་གིས་ཅོ་ནེ་རྫོང་གི་སློབ་གསོ་ཁྱབ་ཁོངས་ཀྱི་འབུར་དུ་ཐོན་པའི་གནད་དོན་ལ་ཆེད་དོན་སྒྲིག་བཅོས་བྱས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་ཁུལ་ཡོངས་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་འབུར་དུ་ཐོན་པའི་གནད་དོན་ལ་ཆེད་དོན་སྒྲིག་བཅོས་བྱ་བའི་བཀོད་སྒྲིག་གི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུའི་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་དྲུག་པའི་ཚན་གཙོ་དབྱང་ཞའོ་མའེ་ཡིས་བྱ་བའི་ཚན་ཆུང་བཞི་བ་ཁྲིད་དེ། ཅོ་ནེ་རྫོང་གི་སློབ་གསོའི་ཁྱབ་ཁོངས་ཀྱི་འབུལ་དུ་ཐོན་པའི་གནད་དོན་ལ་ཆེད་དོན་སྒྲིག་བཅོས་བྱས།    

བྱ་བའི་ཚན་ཆུང་གིས་ཅོ་ནེ་རྫོང་གི་སློབ་གསོའི་ཁྱབ་ཁོངས་ཀྱི་བྱ་བ་སོ་སོར་རྒྱུས་ལོན་བྱས་པའི་རྨང་གཞིའི་ཐོག  མི་རེ་གཉིས་དང་ཁ་བརྡ་གླེང་མོལ་བྱེད་པ་དང་། དཔྱད་གཞིའི་ཡིག་རིགས་ཀློག་བཤེར་བྱེད་པ། བཞུགས་མོལ་སྤེལ་རེས་དང་འཚམས་འདྲི་བརྟག་དཔྱད་ཞིབ་འཇུག  ཡུལ་དངོས་སུ་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཅོ་ནེ་རྫོང་བོད་རིགས་སློབ་འབྲིང་དང་ཅོ་ནེ་རྫོང་སློབ་འབྲིང་དང་བོ་སོགས་སློབ་གྲྭ་དྲུག་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་བྱས།    

བྱ་བའི་ཚན་ཆུང་སློབ་གྲྭ་སོ་སོར་སླེབས་ཚེ། སློབ་གྲྭའི་ཏང་གི་འཛུགས་སྐྱོང་དང་། འདུ་ཤེས་འཛིན་སྟངས། ལས་གཞིའི་འཛུགས་སྐྲུན། དགེ་རྒན་གྱི་བཀོད་སྒྲིག  སློབ་ཁྲིད་སྒྲིག་ཆས་བེད་སྤྱོད་བྱས་ཚུལ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་ཚུལ། སློབ་མཚམས་འཇོག་པ་ཚོད་འཛིན་དང་སློབ་ཞུགས་འགན་ལེན་བྱེད་ཚུལ། སློབ་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཚུལ་དང་། སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སོགས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་རྗེས། འབྲེལ་ཡོད་སྲིད་ཇུས་ཀྱི་ཚད་གཞི་དང་ཞིབ་བསྡུར་ཞིབ་ཕྲ་བྱས་པ་དང་། ཡུལ་དངོས་ནས་ཞིབ་བཤེར་བྱས་ཏེ་ཐུན་མོང་རང་བཞིན་གྱི་གནད་དོན་སློབ་གསོའི་སྡེ་ཁག་ལ་ལྡོག་འདྲེན་བྱས་པ་མ་ཟད། སློབ་གྲྭ་སོ་སོས་དུས་ཐོག་ཏུ་དག་ཐེར་བྱ་དགོས་པའི་བླང་བྱ་བཏོན་པ་དང་། གནད་དོན་ལ་དམིགས་ནས་མཛུབ་ཁྲིད་བསམ་འཆར་བཏོན།    

བྱ་བའི་ཚན་ཆུང་བཞི་བས་ད་དུང་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས། ཅོ་ནེ་དཔོན་པོའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔལ་བོ་ཚོའི་འོད་སྟོང་འཕྲོ་བའི་མཛད་རྗེས་ཀྱི་སློབ་གསོ་དང་ལེན་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་སྙིང་དབུས་ནས་དྲན་གསོ་ཞུས་ཤིང་། ཏང་གི་དར་ཆའི་འོག་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་འབུལ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པའི་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པའི་བརྗིད་ཆེའི་དམ་བཅའ་དོན་འཁྱོལ་བྱས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།