ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཆུ་རྫོང་བླ་རི་མགུལ་ཤང་གིས་གནད་ཁེལ་ལྟ་སྐུལ་ལ་བརྟེན་ནས་དབུལ་སྐྱོར་མཁྲེགས་གཏོར་སྲུང་སྐྱོང་བྱས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བླ་རི་མགུལ་ཤང་སྒྲིག་ཨུའི་གཞུང་སྒྲུབ་ཁང་དུ་བྱ་བྱེད་ཚན་ཆུང་གི་འགན་ཁུར་བ་ཞིག་གིས་ཤང་སྒྲིག་ཨུའི་དྲན་སྐུལ་གླེང་མོལ་དང་ལེན་བྱེད་བཞིན་ཡོད། “ཐེངས་འདིར་ལྟ་སྐུལ་ཞིབ་བཤེར་བྱས་པའི་གནས་ཚུལ་ལ་བལྟས་ན། ཚན་ཆུང་ཉིད་ཀྱི་ཁོངས་མི་རེ་གཉིས་ཀྱི་བྱ་བའི་འགན་འཁྲི་ཁུར་སེམས་ཆེན་པོ་མེད་པ་དང་སྤྱོད་ཚུལ་ཡག་པོ་མིན་པས། རང་ཉིད་འགན་ཁུར་བ་ཞིག་ཡིན་པའི་ངོས་ནས་སྣེ་ཁྲིད་དེ་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ་དང་བྱ་བའི་སྤྱོད་ཚུལ་ལེགས་བཅོས་བྱ་དགོས”ཞེས་གླེང་གཞི་བརྗོད་དོན་གཙོ་བོར་དམིགས་ནས་གནད་དོན་གྱི་མི་འདང་ས་དང་བྱ་བའི་བླང་བྱ་ཐད་ཀར་དུ་བཏོན།

དེ་ནི་ཤང་འདིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཐད་ཀྱི་ཆེད་དོན་སྒྲིག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བསྡུས་རིས་ཤིག་ཀྱང་ཡིན།

ད་ལོ་ནས་བཟུང་། བླ་རི་མགུལ་ཤང་སྒྲིག་ཨུས་་འགན་འཁྲི་ངེས་གཏན་ལ་གཞི་ཚུགས་ནས། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མཐའ་ཅིག་ཏུ་འཛུགས་གྲུབ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ལ་དམ་པོར་དམིགས་ཤིང་། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་ལ་ལྟ་སྐུལ་ཡག་པོ་བྱེད་པའི་དུས་མཚུངས་སུ། སློབ་གསོ་དྲིལ་བསྒྲགས་དམ་འཛིན་དང་ཡིག་སྐུར་ངོ་གཏུག་དང་ཐེར་འདོན་བརྒྱུད་ལམ་རྒྱ་སྐྱེད་དུ་གཏོང་རྒྱུ་མི་ལྷོད་པ་དང་། ལག་པ་གཉིས་ཀྱིས་དམ་དུ་བཟུང་ནས་གནད་ཁེལ་ལྟ་སྐུལ་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་སྲུང་སྐྱོང་བྱས།

གཟའ་འཁོར་རེ་རེར་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་ཐོག་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ། བཅའ་ཁྲིམས། ཁྲིམས་སྲོལ་བཅས་སློབ་སྦྱོང་བྱེད་པ་དང་། ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟ་བ་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི“གཏན་ཁེལ་བྱ་སྤྱོད”ཅིག་ཏུ་གྱུར་ཡོད། བླ་རི་མགུལ་ཤང་ཏང་ཨུའི་ཧྲུའུ་ཅི་མཱ་ཡིའུ་པུའུ་ཡིས“མིག་སྔར། ང་ཚོའི་ཤང་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་མཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་ཕར་རྒོལ་བྱེད་འགོ་བརྩམས་ཡོད་པས། ཉིན་མོར་ལས་བྱེད་པས་དབུལ་སྐྱོར་གྱི་འཐབ་ས་དང་བོར་འབད་འཐབ་བྱེད་བཞིན་ཡོད་པ་དང་། མཚན་མོ་དང་འཆར་ཅན་ཚོགས་འདུའི་གོ་སྐབས་ལ་བརྟེན་ནས་སྡེ་བའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་དང་ཧྲུའུ་ཅི་དང་བོ། སྡེ་བའི་བཅའ་སྡོད་ལས་བྱེད་པ་བཅས་ལ་ཏང་སྲོལ་སྲིད་གཙང་གི་སློབ་གསོ་སྤེལ། དེའི་དམིགས་ཡུལ་ནི་ལས་བྱེད་པ་རྣམས་ཀྱིས་འགན་འཁྲི་གསལ་བོར་ཤེས་པ་དང་། གཞི་ཐིག་སྲུང་བ་སོགས་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི‘གཙོ་ཤུགས་དམག’གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དེ་ཡིན། མིག་སྔར་ཤང་སྒྲིག་ཨུས་བསྡོམས་པས་མི9ལ་དྲན་སྐུལ་ཁ་བརྡ་ཐེངས7དང་ལས་བྱེད་པའི་མཚན་མོའི་སློབ་གྲྭ་ཐེངས6འཚོགས། ལས་བྱེད་པའི་འཆར་ཅན་ཚོགས་འདུ་ཐེངས 3དང་ཤང་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཐེངས2འཚོགས། གཅིག་བསྡུས་ཀྱིས་ཉེན་བརྡའི་སློབ་གསོའི་གློག་བརྙན་ཐེངས1བལྟས།

དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་སྒྲིག་བཅོས་ཟབ་སྤེལ་བྱེད་པའི་ཁྲོད་དུ། ཤང་སྒྲིག་ཨུས་ངོ་གཏུག་ཏུ་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་། ཕར་སྒོ་རྩར་བཅར་འདྲིར་སྐྱོད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་རང་འགུལ་ངང་ཡིག་བསྐུར་ངོ་གཏུག་གི་གནད་དོན་ཅུང་མང་བ་དང་། གནས་ཚུལ་རྙོག་འཛིང་ཆེ་བ། འགལ་བ་མང་བའི་ས་ཆར་སོང་སྟེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་བརྒྱུད། གནས་ཚུལ་རྒྱུས་ལོན་དང་སྲིད་ཇུས་དྲིལ་བསྒྲགས་བཅས་བྱས་ཏེ་གནད་དོན་དུས་ཐོག་ཏུ་ཁྲིམས་ལྟར་ཐག་གཅོད་བྱེད་པར་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་། ཡིག་བསྐུར་ངོ་གཏུག་བྱེད་པའི་གནད་དོན་འབྱུང་རྩ་ནས་སྔོན་འགོག་བྱས་ཏེ་འགལ་བ་གཞི་རིམ་ནས་ཞི་ཞིང་། གནད་དོན་ཡུལ་དངོས་ནས་ཐག་གཅོད་བྱས།

ཤང་སྒྲིག་ཨུའི་འགན་ཁུར་བས“མང་ཚོགས་ཀྱིས་བཏོན་པའི་གནད་དོན་ནི་དོན་ཆུང་མིན་པར། རེ་རེ་བཞིན་དོན་འཁྱོལ་བྱ་དགོས་པ་དང་རེ་རེར་བཞིན་མཇུག་འབྲས་ཐོབ་དགོས། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་ང་ཚོའི་བྱ་བའི་ཚད་གཞི་བྱ་དགོས”ཞེས་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།