ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ཉེར་དྲུག་པའི་ལན་ཀྲོའུ་ངོ་འཕྲད་གྲོས་མོལ་ཚོགས་འདུའི་འགོ་ཚུགས་མཛད་སྒོ་དང་དར་གོས་ཚོང་ལམ་མཉམ་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ལན་ཀྲོའུ་རུ་ཚོགས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས2ཉིན་ལ། སྐབས་ཉེར་དྲུག་པའི་ལན་ཀྲོའུ་ངོ་འཕྲད་གྲོས་མོལ་ཚོགས་འདུའི་འགོ་ཚུགས་མཛད་སྒོ་དང་དར་གོས་ཚོང་ལམ་མཉམ་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ལན་ཀྲོའུ་རུ་ཚོགས། སྐབས་འདིའི་ལན་ཀྲོའུ་ངོ་འཕྲད་གྲོས་མོལ་ཚོགས་འདུ་དེ་དྲ་ཐོག་གཙོ་བོ་བྱས་ཤིང་དྲ་ཐོག་དང་ཚོང་ཁང་མཉམ་འབྲེལ་གྱི་རྣམ་པའི་ཐོག་ནས་ཐེངས་དང་པོ་གཉེར་བ་ཡིན་ལ། ལོ་ཧྲིལ་བོར་དྲ་ཐོག་ནས་འགྲེམས་ཚོང་བྱ་རྒྱུ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་ལན་ཀྲོའུ་ཡི་ཚོགས་ར་གཙོ་བོ་ནས་འགོ་ཚུགས་པའི་མཛད་སྒོ་དང་མཐོ་རིམ་གླེང་སྟེགས་སུ་ཞུགས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཅན་གོ ཁུལ་དཔོན་གཞོན་པ་དབྱང་ཀྲིན་ལིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེང་ཡན་ལིན་རང་ཁུལ་གྱི་ཡན་ལག་ཚོགས་ར་ནས་འགོ་ཚུགས་མཛད་སྒོ་དང་མཐོ་རིམ་གླེང་སྟེགས་སུ་ཞུགས་པ་མ་ཟད་ཚོང་རྫས་འགྲེམས་སྟོན་ལ་བལྟས།

ལན་ཀྲོའུ་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པའི་གཙོ་གནད་ལས་གཞི་ལ་མིང་རྟགས་འགོད་པ་དང་ཚོང་འགུག་དངུལ་འདྲེན་ལས་གཞི་ལ་ཞིང་ཆེན་རིམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག ལིན་ཐན་རྫོང་སྲིད་གཞུང་གི་འགོ་ཁྲིད་པ་གཙོ་བོས་ཁྲེང་ཏུའུ་གཡུང་དྲུང་བོན་ཆེན་མ་འཇོག་ཚད་ཡོད་ཀུང་སིའི་འགན་ཁུར་བ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར 5.8བཏང་བའི་ལིན་ཐན་རྫོང་འགོ་ནང་ཐང་མཛེས་ལྗོངས་ཁུལ་གྱི“མཚོ་བོད་སྐར་ཁུངའགོ་ནང་ཐང་གི་གྲུ་གཟིངས་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཛུགས་སྐྲུན་ལས་གཞི”ལ་གན་རྒྱ་བཞག

སྐབས་འདིའི་ལན་ཀྲོའུ་ངོ་འཕྲད་གྲོས་མོལ་ཚོགས་འདུ་ནི“དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཉམ་དུ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ”བརྗོད་དོན་གཙོ་བོ་བྱས་ཤིང་། འཕེལ་རྒྱས་གསར་བའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ལེགས་པོ་བྱེད་པའི་བྱ་བའི་བླང་བྱ་གཞིར་བཟུང་ཐོག  མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བཟུང་ཤིང་། དུས་རབས་གསར་བའི་ཀན་སུའུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཚུད་པར་བྱེད་པ་དང་། རིག་གནས་ལྟེ་བའི་ལག་རྩལ་ཆ་འཕྲིན་སྐྱེ་ཁམས་ཀྱི“མཐོ་ས་ལྔ”གཙོ་གནད་དུ་བཟུང་ནས། ཆེད་ལས་ཅན་དང་ཚོང་ར་ཅན། སྤུས་རྟགས་ཅན། ཆ་འཕྲིན་ཅན་དུ་འགྱུར་བར་ཁ་ཕྱོགས་ཏེ། ཉིན་ཧྲིལ་བོར་ཚོང་འགུགས་དངུལ་འདྲེན་དང་མ་འཇོག་ཉོ་ཚོང་ལས་སྟེགས་བསྐྲུན་ནས་འགྲེམས་ཚོགས་ཀྱི་ཞབས་ཞུ་གསར་གཏོད་དང་། དོ་དམ་གསར་གཏོད། བྱ་བའི་རྣམ་པ་གསར་གཏོད་བཅས་ལ་སྐུལ་འདེད་བཏང་ནས། ས་ཁོངས་བར་དང་ཁེ་ལས་བར་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མཛའ་མཐུན་འགྲོ་འོང་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། དབུལ་ཐར་མཁྲེགས་གཏོར་ལ་རོགས་རམ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཆེ་རུ་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ“དྲ་ཐོག་ལན་ཀྲོའུ་ངོ་འཕྲད་གྲོས་མོལ་ཚོགས་འདུ”དེ་རང་རྒྱལ་གྱི་ཤར་ནུབ་རྒྱུད་དང་དབུས་ནུབ་རྒྱུད་ཀྱི་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་གལ་ཆེན་དང་ནམ་ཡང་མཇུག་སྒྲིལ་རྒྱུ་མེད་པའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ལས་སྟེགས་ཤིག་ཏུ་བསྐྲུན་རྒྱུ་བརྩོན་ལེན་བྱས།

སྐབས་འདིའི་ལན་ཀྲོའུ་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཁྱད་ཆོས་གཙོ་བོ་ནི“དྲ་ཐོག་གི་འགྲེམས་སྟོན”དང“སྤྲིན་དྲ་བའི་འབྲེལ་མཐུད”བྱེད་པ་ཡིན་ལ། དྲ་འོག་ནས་འགོ་ཚུགས་མཛད་སྒོ་དང་དར་གོས་ཚོང་ལམ་མཉམ་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་དང་གཙོ་གནད་ལས་གཞི་ལ་མིང་རྟགས་འགོད་པའི་མཛད་སྒོ་གཉིས་ཁོ་ན་གཉེར་བ་དང་། ཚོང་འགུག་འོས་སྦྱོར་དང་འགྲེམས་ཚོང་སོགས་ཀྱི་བྱེད་སྒོ་དེ་དྲ་ལམ་ནས་སྤེལ་བ་རེད། རང་རེའི་ཞིང་ཆེན་གྱི“སྐྱེ་ཁམས་ཐོན་ལས་ཆེན་པོ་བཅུ”ལ་དམིགས་ནས། དྲ་ཐོག་ནས་ལས་གཞི་འོས་སྦྱོར་དང་འབྲེལ་མཐུད། ངོ་འཕྲད་གྲོས་མོལ། གན་རྒྱ་འཇོག་པ་བཅས་བྱས་པ་མ་ཟད། ཉིན་ཧྲིལ་བོར་དྲ་རྒྱའི་ཚོང་འགུག་དང་མ་འཇོག་ངོ་འཕྲད་གྲོས་མོལ། ཆ་འཕྲིན་ཡོངས་བསྒྲགས་བཅས་བྱས་ཏེ། འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་ལ་མཉམ་ལས་སྤེལ་རེས་དང་ངོ་འཕྲད་གྲོས་མོལ་གྱི་བྲིན་ཚོང་སྟེགས་བུ་མཁོ་འདོན་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།