ཐེ་བོ་རྫོང་གིས་ཡིག་མཁན་དང་མཛེས་རྩལ་པའི་མཐུན་ཚོགས་ཀྱི་སྒོ་འབྱེད་མཛད་སྒོ་དང་དུས་རབས་གསར་བ་མཚོན་པའི་ཡིག་གཟུགས་དང་རི་མོ་འགྲེམ་སྟོན་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན་ལ། ཐེ་བོ་རྫོང་གིས་ཡིག་མཁན་དང་མཛེས་རྩལ་བའི་མཐུན་ཚོགས་ཀྱི་སྒོ་འབྱེད་མཛད་སྒོ་དང་དུས་རབས་གསར་བ་མཚོན་པའི་ཡིག་གཟུགས་དང་རི་མོ་འགྲེམ་སྟོན་དེ་རྫོང་རིག་གནས་ཁང་དུ་སྤེལ། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཡོན་ཅོག་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲོང་ལེ་ཧོང་། ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ་བོད་ཀྱི་ཡིག་མཁན་ཆེན་མོ་སངས་རྒྱས་བཀྲ་ཤིས། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་དྲ་བདག་གམ་ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྟ་མགྲིན་མགོན་པོ། འབྲུག་ཆུའི་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལིན་པེ་ཁྲེན། རྨ་ཆུའི་ཡིག་མཁན་ཆོས་སྐྱོང་སྐྱབས། ཐེ་བོ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་རིན་ཆེན་དོན་གྲུབ། རྫོང་དཔོན་ཅོང་ཝེ་ཀྲུང་། རྫོང་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ལེ། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧོང་རྨེན། རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧྲིན་ལེ། རྫོང་དཔོན་གཞོན་པ་བསོད་ནམས་དོན་གྲུབ། རྫོང་སློབ་གསོ་དང་ཚན་རིག་ཅུས་ཀྱི་ཅུས་ཀྲང་ཤིང་ཚེ་རིང་། རྫོང་གི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དང་དགེ་རྒན། སློབ་མ། ཐེ་བོ་རྫོང་གི་ལས་རིགས་སོ་སོ་ནས་ཕེབས་པའི་སྒྱུ་རྩལ་བ་བཅས་མི་བརྒྱ་ལྷག་བྱ་འགུལ་དུ་ཞུགས། ཐེངས་འདིར་བོད་རྒྱའི་ཡིག་གཟུགས་དང་ཐང་ག  ཀྲུང་གོའི་རི་མོ། སྣུམ་ཚོན་རི་མོ་བཅས་བརྩམས་ཆོས120ལྷག་འདུས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།