རྨ་ཆུ་རྫོང་གིས་ཏང་གི་སྐྱེས་སྐར་ལ་ངག་གི་མཆོད་པ་ཕུལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་དགུ་ལོན་པར་རྟེན་འབྲེལ་ཞུ་བ་དང་རྨ་ཆུའི་སྤྱི་ཚོགས་ལས་རིགས་ཁག་གི་རྒྱ་ཆེའི་ལས་བཟོ་བའི་སྙིང་རུས་ཆེར་བསྐྱེད་དང་གསར་གཏོད་གསར་སྤེལ། དུས་བསྟུན་མདུན་བསྐྱོད་སོགས་ཀྱི་ཕུལ་བྱུང་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཉེ་ཆར། རྨ་ཆུ་རྫོང་གིས་དུས་རབས་གསར་བར་བསྟོད་གླུ་འབུལ་བ་དང་རྣམ་པ་གསར་བ་མངོན་པར་དོད་པའི་བརྗོད་དོན་གྱི་གཏམ་བཤད་འགྲན་སྡུར་སྤེལ་ནས་ཏང་གི་སྐྱེས་སྐར་ལ་ངག་གི་མཆོད་པ་ཕུལ་བ་རེད།

ཐེངས་འདིའི་ཏང་དོན་གཏམ་བཤད་འགྲན་སྡུར་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་འོག་ཏུ་སྤེལ་ཞིང་།  བྱ་འགུལ་དྲང་བཞག་དང་འདྲ་མཉམ། ཐོག་མའི་དམིགས་འབེན་མངོན་འགྱུར་ཡོང་ཆེད་དུ། རྫོང་གི་ཚན་ཁག་ཆེན་པོ་བཞི་གཙོ་བྱས་པའི་འབྲེལ་ཡོད་སྡེ་ཁག་དགུ་ནས་དཔྱད་འདེམས་པ་མི 9བཀོད་སྒྲིག་བྱས་ཤིང་། རྫོང་ཡོངས་ཀྱི་ཞང་གྲོང་ལས་རིགས་སྡེ་ཁག་སོ་སོ་ནས་ཡོང་བའི་གཏམ་བཤད་པ་མི 21གིས་གསལ་དག་སྙན་གསུམ་གྱི་སྨྲ་ལྕེ་གསོན་པོ་དང་རང་གི་བྱ་བའི་ལས་རྐང་གི་འཚོ་བ་དོན་དངོས་ཀྱི་བརྗོད་བྱ་ངོ་མ་གཞིར་བཟུང་སྟེ། སེམས་འགུལ་ཐེབས་པ་དང་ཡིད་དབང་འཕྲོག་པ། གསོན་ཉམས་དོད་པའི་རླབས་ཆེན་གྱི་ཏང་གི་མཛད་རྗེས་རེ་རེ་དཔྱད་འདེམས་པ་དང་ཡུལ་དངོས་ལྟད་མོ་བར་བརྗོད་ལ། གཏམ་བཤད་འགྲན་ཞུགས་པས་རླབས་ཆེན་གྱི་ཀྲུང་གུང་གུང་ཁྲན་ཏང་གི་ལོ་ངོ་དུ་མའི་རིང་གི་དཀའ་སྤྱད་ཧུར་བརྩོན་དང་སྙིང་རུས་ཆེས་བསྐྱེད། དམངས་དོན་ཕྲག་ཁུར་དང་དམངས་སེམས་གཙོ་འཛིན་སོགས་ཀྱི་རླབས་ཆེན་གྱི་བྱ་བཞག་རེ་རེ་གླེང་བར། ཡུལ་དངོས་གཏམ་བཤད་སོ་སོའི་རང་ངོས་ཀྱི་སྐད་ཆའི་རྩལ་དང་རིག་པའི་རྣོན་ཁ་མི་འདྲ་བས་དེ་ལ་ཐོབ་པའི་དགའ་བསུ་དང་གདེངས་འཇོག་ཀྱང་མི་འདྲ་བ་ཐོབ་སྟེ་མཇུག་མཐར་མི་གསུམ་ལ་བྱ་དགའ་ཐོབ་པ་རེད།

ཐེངས་འདིའི་བྱ་འགུལ་རྒྱལ་ཁའི་ངང་སྤེལ་བ་དེས་རྨ་ཆུ་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ལ་བསམ་བློའི་ཁ་ཕྱོགས་དང་དུས་རབས་ཀྱི་འཕེལ་ཕྱོགས་གསལ་བོ་བསྟན་པ་མ་ཟད། ཡིད་ཆེས་བརྟན་པོ་དང་ཆོད་སེམས་ལྡོག་མེད་ངང་ཏང་གི་བྱ་གཞག་གསར་བ་ཞུགས་ཏེ་ཏང་གི་སྐྱེས་སྐར་ལ་ལེགས་སྐྱེས་གསར་བ་འབུལ་དགོས་པའི་སྐུལ་མ་བཏང་ཞིང་། སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་ཐད་ལ་མཛུབ་མོ་རི་སྟོན་གྱི་ནུས་པ་ཐོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།