ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་སྲིད་གཞུང་གི་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་ཁང་གིས་གཙོས་གྲོང་ཁྱེར་གྱི་དམའ་རིམ་སློབ་འབྲིང་ལ་ཕྱོགས་བསྡུས་ལྟ་སྐུལ་མཛུབ་སྟོན་དང་དཔྱད་དཔག་བྱས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གཙོས་གྲོང་ཁྱེར་སྲིད་གཞུང་སློབ་གསོ་ལྟ་སྐུལ་མཛུབ་སྟོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཕྱོགས་བསྡུས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཆེད་མཁས་པ་གཙོས་གྲོང་ཁྱེར་དམའ་རིམ་སློབ་འབྲིང་དུ་སོང་ནས་དུས་ཡུན་ཉིན་གསུམ་གྱི་རིང་ལ་ཕྱོགས་བསྡུས་ལྟ་སྐུལ་མཛུབ་སྟོན་དང་དཔྱད་དཔག་བྱས།

དཔྱད་དཔག་བྱ་བས་སློབ་གྲྭའི་མཁྲེགས་ཆས་ཀྱི་འཛུགས་སྐྱོང་དང་། དགེ་རྒན་གྱི་བཀོད་སྒྲིག  སློབ་གྲྭའི་དོ་དམ། དགེ་རྒན་དཔུང་ཁག་གི་འཛུགས་སྐྱོང་། སློབ་གྲྭའི་ཁོར་ཡུག་དང་། སློབ་མའི་གནས་ཚུལ། ཀུན་སྤྱོད་སློབ་གསོ། སློབ་གྲྭའི་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་འགན་ལེན་བྱ་ཚུལ་སོགས་ཀྱི་ཐད་ནས་དམིགས་ཚད་མ་ལག་ཁག་ལ་དམིགས་ཏེ་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་ནན་པོ་བྱས།

ལྟ་སྐུལ་མཛུབ་སྟོན་དང་དཔྱད་དཔག་གི་ཆེད་མཁས་ཚན་ཆུང་གིས་སློབ་གྲྭའི་སློབ་གསོ་བྱ་བར་མཐོང་ཆེན་ཚད་མཐོ་བྱས་པ་དང་། འགོ་ཁྲིད་ཚན་ཆུང་གིས་མཐུན་སྒྲིལ་དངོས་སྒྲུབ། སློབ་གྲྭའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་རིག་ལམ་ཁ་གསལ་བ། བྱ་ཐབས་ནུས་ལྡན་ཡིན་པ་བཅས་ཀྱི་ཕྱོགས་སུ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པར་བསམས། དེ་དང་ཆབས་ཅིག་ཏུ་སློབ་གྲྭའི་དགེ་རྒན་དཔུང་ཁག་ལ་སློབ་ཁྲིད་ཀྱི་ཉམས་མྱོང་མི་འདང་བ་དང་། ཁྲིད་ཐབས་གསར་བའི་ལྟ་བ་དོན་འཁྱོལ་བྱས་པ་གཏིང་ཟབ་མིན་པ། རིག་ཚན་གྱི་གྲུབ་ཆ་ལུགས་མཐུན་མིན་པ། ཆེད་ལས་ལས་བརྒལ་ནས་ཚབ་ཁྲིད་བྱེད་པའི་སྣང་ཚུལ་ཡོད་པ། ཞག་སྡོད་སློབ་མའི་དོ་དམ་ལ་དཀའ་ཚེགས་ཆེ་བ། འཚོ་བའི་མཛུབ་ཁྲིད་དགེ་རྒན་ཉུང་བ། དགེ་རྒན་གྱི་ཁུར་བོ་ལྕི་བ་སོགས་ཀྱི་གནད་དོན་རྟོགས་པ་མ་ཟད། ལག་ལེན་དུ་འཁྱོལ་ཐུབ་པའི་བསམ་འཆར་དང་གྲོས་གཞི་མང་བོ་བཏོན། ལྟ་སྐུལ་མཛུབ་སྟོན་དང་དཔྱད་དཔག་གི་རིགས་གཅིག་མཁས་པའི་ཚན་ཆུང་གིས་སློབ་གྲྭས་སྔར་བཞིན་སློབ་གསོ་བྱ་བར་མཐོང་ཆེན་བྱས་ནས་སློབ་གསོའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྟ་སྐུལ་སློབ་སྟོན་གྱི་བླང་བྱ་ལྟར་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་ནན་མོ་བྱ་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།