ཀྲུང་གོ་བོད་ཀྱི་དྲ་བ།

བོད་སྨན་གྱི་ཁྱད་ལྡན་སྨན་བཅོས་ཀྱིས་དམངས་ལ་ཕན་ཐོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

08e8ff14-3b87-4243-9fa5-b5f534950431.jpg

 ཀླུ་ཆུ་རྫོང་བོད་སྨན་ཁང་གི་སྨན་པ་བཀྲ་ཤིས་དོན་གྲུབ་ཀྱིས་ནད་པ་ཞིག་ལ་མེ་བུམ་རྒྱག་བཞིན་པ། 

res04_attpic_brief.jpg

 ཀླུ་ཆུ་རྫོང་བོད་སྨན་ཁང་གི་སྨན་པ་བཀྲ་ཤིས་དོན་གྲུབ་དང་ལས་གྲོགས་ཀྱིས་ནད་པར་བརྟག་དཔྱད་བྱེད་བཞིན་པ། 

W020200619427362660880.jpg

བོད་སྨན་སྣ་ཚོགས་བཞག་ཡོད་པའི་སྨན་སྒྲོམ།

W020200619502915469708.jpg

ཀྲུའུ་རེན་སྨན་པ་ཚེ་དབང་རིག་འཛིན་གྱིས་སྨན་རྫས་ཁང་གི་སྨན་ལ་བལྟ་བ།

W020200620762095821652.jpg

 སྨན་པ་ཞིག་གིས་བོད་སྨན་གྱི་སྨན་ཕོར་ལེགས་སྒྲིག་བྱེད་བཞིན་པ། 

W020200620623503492731.jpg

ནད་པ་ཞིག་གིས་སྨན་ལེན་བཞིན་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་འཕེལ་རྒྱས་ཐད་ཤུགས་བསྣན་ནས། བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུའི་དྲ་བ་འཐུས་ཚང་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་བོའི་སྲོལ་རྒྱུན་ལག་རྩལ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་ཏུ་བོད་སྨན་གྱིས་འཇུ་བྱེད་མ་ལག་གི་ནད་དང་། ཀླད་སྙིང་ཁྲག་རྩའི་ནད། མོ་ནད་དང་དེ་བཞིན་མཐོ་སྒང་དུ་བྱུང་བའི་ནད་སོགས་ཐད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་པ་མ་ཟད། བོད་ལུགས་གསོ་རིག་དེ་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་ལག་རྩལ་དང་ཟུང་དུ་འབྲེལ་ཏེ་ཚན་རིག་དང་མཐུན་པའི་ཚད་ལྡན་མ་ལག་གི་ནད་གཞི་བརྟག་དཔྱད་དང་སྨན་བཅོས་ཀྱི་ཚད་གཞི་ཞིག་ཆགས་ཡོད་ལ། དེ་དང་མཉམ་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ནད་པའི་སྨན་བཅོས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་བས་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཀྱིན་ཡོད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།