ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྫོང་འཛུགས་སྐྱོང་བྱེད་པའི་སྐུལ་འདེད་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར     སྤེལ་དུས། : 2020-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྨ་ཆུ་རྫོང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་འཛུགས་སྐྱོང་བྱེད་པའི་སྐུལ་འདེད་གྲོས་ཚོགས་རྫོང་ཨུའི་གཅིག་བསྡུ་གཞུང་སྒྲུབ་ཐོག་ཁང་དུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་གལ་ཆེའི་གཞུང་ལུགས་དང་ཀན་སུའུ་རུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཕྱོགས་ཡོངས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་འཛུགས་སྐྱོང་ཐད་བཀོད་སྒྲིག་ཞིབ་ཚགས་དང་བླང་བྱ་ནན་མོ་བཏོན།

ཚོགས་ཐོག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་རྫོང་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་མི་སྣས 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁའི་འབྲས་བཟང་ལེན་པའི་མཐའ་མཇུག་གི་ལོ་ཡིན་པས། ངེས་པར་དུ་དཔེ་སྟོན་རྫོང་གི་དཔྱད་བསྡུར་ཚད་གཞིར་གཞིགས་ཏེ། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོང་། མཐུན་སྒྲིལ་བརྟན་སྲུང་གི་ས་མཚམས་དམ་སྲུང་དང་། སྒོས་སུ་རྨ་ཆུ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལེགས་བཅོས་ཀྱི་གྲོས་གཞི་དང་རྨ་ཆུ་རྫོང་གི 2020ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་བྱ་བའི་རྩ་གནད་གཞིར་བཟུང་སྟེ། གོང་འོག་ཚང་མས་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་སྟོན་འདུ་ཤེས་སྲ་བརྟན་དུ་བཏང་ནས། ཞིང་ཆེན་དང་ཁུལ། རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་རྫོང་འཛུགས་སྐྱོང་གི་གྲོས་གཞི་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་དང་། མཛད་བཟང་ལ་སློབ་སྦྱོང་བྱས་ཏེ་རྒྱལ་དམངས་སློབ་གསོ་དང་ཀུན་སྤྱོད་འཛུགས་སྐྲུན། རིག་གནས་གསར་གཏོད། ཐོན་སྐྱེད་འཚོ་བའི་བཟང་ཕྱོགས་ཀུན་ལ་ཁ་མིག་ཡར་བལྟའི་སློབ་སྦྱོང་གང་ལེགས་བྱ་དགོས་པའི་བསམ་ཚུལ་བསྟན།

གཞན་ཡང་ཚོགས་ཐོག་ཏུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གཉིས་ཀྱིས་ཀན་ལྷོ་ཁུལ་མི་རིཊ་མཐུན་སྒྲིལ་ཡར་ཐོན་རྫོང་འཛུགས་སྐྱོང་སྐོར་གྱི་གཏམ་བཤད་བརྒྱུད་བསྒྲཊ་བྱས་ཤིང་། གྲོས་ཚོགས་ཀྱིས་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་བྱེ་བྲག་གི་བླང་བྱ་བཏོན།

ཐེངས་འདིའི་གྲོས་ཚོགས་སུ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་དང་། ལས་ཁུངས་དང་ཐུན་ཚོགས་སོ་སོའི་འཐུས་མི། ཞིང་ཆེན་དང་ཁུལ་གྱི་རྨ་ཆུ་རུ་བཅའ་སྡོད་བྱེད་པའི་ལས་ཁུངས་སོགས་ཀྱི་འགན་ཁུར་བ་བཅས་མི 80ལྷག་ཞུགས་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།