ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས་བློ་བརྟན་འགྱུར་མེད་སྒོས་ཏང་འཛུགས་དམ་འཛིན་དང་རྒྱུན་ཆད་མེད་པར་དབུལ་ཐར་བྱེད་རོགས་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་བྱ་བ་མཇུག་བསྡུ་བའི་ལོ་ཡིན་པས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གིས་ཏང་འཛུགས་དམ་འཛིན་བྱས་ནས་དབུལ་ཐར་མཁྲེགས་གཏོར་དང“དམ་འཛིན་བཞི་དང་དག་ཐེར་གཉིས”ཀྱི་བྱ་བར་སྐུལ་འདེད་བཏང་།

ཉེ་བའི་ལོ་ཤས་ནང་དུ། ཐེ་བོ་རྫོང་གིས“ཕྱི་ཕྱོགས་ནས་དཔེ་སྟོན་གསོ་སྦྱོང་དང་རྫོང་རིམ་པའི་གཅིག་སྡུད་རེས་སྐོར་གསོ་སྦྱོང་སྤེལ་བ”སོགས་ཀྱི་བྱ་ཐབས་སྤྱད་དེ། སྡེ་བའི་ལས་བྱེད་པའི་གསོ་སྦྱོང་ཐེངས 8སྤེལ་ཤིང་མི་ཐེངས 600ལྷག་གསོ་སྦྱོང་བྱས་པ་དང་། ཧྲུའུ་ཅི་དང་བོའི་གསོ་སྦྱོང་ཐེངས 12སྤེལ་ཞིང་མི་ཐེངས 230ལྷག་གསོ་སྦྱོང་ལ་ཞུགས། དབུལ་ཕོངས་སྡེ་བའི་ཏང་ཡོན་མི་ཐེངས 2108གསོ་སྦྱོང་བྱས། ཁའོ་རིམ་པའི་འགོ་ཁྲིད་ཀྱི་རེས་སྐོར་གསོ་སྦྱོང་དང་། ཐེ་བོ་རྫོང་གི་དབུལ་ཐར་མཁྲེགས་གཏོར་ཆེད་ལས་ཅན་གྱི་ནུས་པ་མཐོར་འདེགས་གཏོང་བའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་སོགས་གྲུབ་ཆ་གཙོ་བོའི་འཛིན་གྲྭ་ཐེངས 23སྤེལ་ནས། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་མི་ཐེངས་ཁྲི 4.14གསོ་སྦྱོང་ལ་ཞུགས་པ་དང་། རྫོང་དང་ཤང་གི་རིམ་པ་སོ་སོའི་འགོ་ཁྲིད་དང་སྡེ་ཁག་སོ་སོའི་ལས་སྒོའི་རྐང་འཛིན་མི་སྣ་དང་ཤང་གྲོང་གི་དབུལ་སྐྱོར་ལས་བྱེད་པ་རྩ་འཛུགས་བྱས་ནས་ཀྲེ་ཅང་དང་ཞ་མོན། ཆིང་ཏའོ། ནན་ཅིན། ཁྲིན་ཏུའུ། ཀུའེ་ཀྲོའུ་ལིའུ་ཕན་རི་བོ་སོགས་ནས་ཡུལ་དངོས་གསོ་སྦྱོང་སྐབས 19སྤེལ་ཞིང་མི་ཐེངས 990ལྷག་གསོ་སྦྱོང་ལ་ཞུགས།

ཐོག་མཐའ་བར་གསུམ་དུ་ཏང་གིས་ཤེས་ལྡན་མི་སྣ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཆེས་ཕུལ་བྱུང་གི་ཤེས་ལྡན་མི་སྣ་དབུལ་ཐར་བྱ་བའི་འཐབ་ས་དང་བོར་གཅིག་སྡུད་བྱས་ཏེ། ཤར་ནུབ་མཉམ་སྒྲུབ་དང་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས། ཐེན་ཅིང་གྲོང་ཁྱེར་གྱི་ཧོ་ཏུང་ཆུས་དང་ཅིའུ་ཆོན་གྲོང་ཁྱེར་བར་ཤེས་ལྡན་མི་སྣའི་བསམ་བློ་བརྗེ་རེས་དང་གསོ་སྦྱོང་སྤེལ་བ་མ་ཟད། ཕན་ཚུན་འགན་འཁྱེར་བའི་རྐྱེན་སྲོལ་བཙུགས་ཏེ། སྨན་བཅོས་དང་སློབ་གསོ། རིག་གནས་ཡུལ་སྐོར་སོགས་ཀྱི་ཤེས་ལྡན་མི་སྣ 32ནང་འདྲེན་བྱས་ནས། ཁྲིད་སྤེལ་རོགས་གསུམ་གྱི་ནུས་པ་འདོན་སྤེལ་བྱས། “ཆེད་མཁས་པ་དང་ཤེས་ལྡན་མི་སྣ་སྡེ་བར་ཞུགས་ནས་ཞབས་ཞུ་བྱེད་པའི”བྱ་འགུལ་སྤེལ་ཏེ། ཆེད་མཁས་པས་རོང་འབྲོག་སྡེའི་ཆེད་ལས་མཉམ་ལས་ཁང་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་བཙུགས་ཤིང་། ཤང་སྡེའི་ཤེས་ལྡན་མི་སྣ 723ལ་འབྲེལ་གཏུག་དང་གསོ་སྦྱོང་བྱས། དབུལ་སྐྱོར་དང་སློབ་གསོ། འཕྲོད་བསྟེན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁག་གི་ཐོན་ཁུངས་སྡེབ་སྒྲིལ་བྱས་ཏེ། དངོས་མཁོའི་ལག་རྩལ་མི་སྣ 5661དང་ངལ་ལས་ནུས་རྩལ་མི་སྣ 1668  ལོ་ཚད་རན་པའི་ཁ་ལོ་བ 475  དམིགས་བསལ་ལག་རྩལ་མི་སྣ 215  ཞིང་ཁྱིམ་སྤྲོ་རའི་དོ་དམ་མི་སྣ 248  ཞིང་སྡེའི་གློག་རྡུལ་ཚོང་ལས་དོ་དམ་མི་སྣ 140  རིམས་འགོག་ཚོད་འཛིན་མི་སྣ 500  ནས་དང་པད་ཁའི་འདེབས་འཛུགས་མི་སྣ 378  ཀྲུང་བོད་སྨན་རྫས་འདེབས་འཛུགས་མི་སྣ 546སོགས་གསོ་སྦྱོང་བྱས་པས། མཁྲེགས་གཏོར་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེ་རུ་བཏང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།