ཀྲུང་གོ་བོད་ཀྱི་དྲ་བ།

བྲག་སྒམ་ནང་སྐྱེ་ཁམས་ཡུལ་སྐོར་ལུས་གསོའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་མཐུན་སྦྱོར་གྲོས་ཚོགས་ཚོགས་པ།

ཡོང་ཁུངས། : མདོ་ལྷོའི་དྲ་བ།     སྤེལ་དུས། : 2020-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན་ལ། བྲག་སྒམ་ནང་སྐྱེ་ཁམས་ཡུལ་སྐོར་ལུས་གསོའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་མཐུན་སྦྱོར་གྲོས་ཚོགས་གཙོས་སུ་ཚོགས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལུའུ་དབྱི་དང་ཐེ་བོ་རྫོང་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ། ཁུལ་སྲིད་གཞུང་དངུལ་རྩའི་གཞུང་སྒྲུབ་ཁང་། ཁུལ་མ་འཇོག་དང་མཉམ་ལས་བརྗེ་རེས་ཅུས། ཞིང་ལས་འཕེལ་རྒྱས་དངུལ་ཁང་ཀན་ལྷོ་ཁུལ་ཡན་ལག་དངུལ་ཁང་། ཀན་ལྷོའི་མ་དངུལ་བསྡུ་སྒྲིལ་འགན་སྲུང་ཀུང་སི་དང་ཐེ་བོ་རྫོང་བྲག་སྒམ་ནང་སྐྱེ་ཁམས་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སུ་ཚོགས་ཞུགས་མི་སྣས་བྲག་སྒམ་ནང་སྐྱེ་ཁམས་ཡུལ་སྐོར་ལུས་གསོའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ལས་གཞིའི་དངུལ་རྩའི་རོགས་སྐྱོར་སྦྲེལ་མཐུད་དང་ལས་གཞིར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནད་དོན་སྙན་ཞུ་ཕུལ་བ་དང་བསམ་ཚུལ་བརྗེ་རེས་བྱས།

ཀྲའོ་ལིན་ཡུན་གྱིས་བྲག་སྒམ་ནང་སྐྱེ་ཁམས་ཡུལ་སྐོར་གྱི་ལུས་གསོའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ལས་གཞི་དེས་རང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་གཏོང་བའི་ཐད་ལ་ནུས་པ་གལ་ཆེན་ཐོན་ཐུབ་པས། མགྱོགས་མྱུར་ངང་འགོ་ཁྲིད་ཚན་ཆུང་བཙུགས་ནས་ཁུལ་རིམ་པའི་ལས་གཞི་གཙོ་བོ་དམ་འཛིན་བྱ་དགོས། སྤྱོད་གོ་ཆོད་པའི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ནས་རྗེས་འདེད་རྣམ་པའི་བཀོད་གཏོང་བྱས་ཏེ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ལས་གཞིའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ལས་གཞིར་རོགས་སྐྱོར་བྱེད་ཐབས་ལ་ཤུགས་བསྣན་ནས་ཁེ་ལས་གཅིག་ལ་ཐབས་ཇུས་གཅིག་དང་དོན་རེར་གྲོས་རེ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དོན་ཚན་རེ་རེ་བཞིན་དོན་འཁྱོལ་བྱ་དགོས། ལས་གཞིར་མིག་སྔར་འཕྲད་པའི་གནད་དོན་ལ་དམིགས་ཏེ། ལས་གཞིའི་ནང་ཞུགས་མཁན་ཕྱོགས་ཀྱིས་མགྱོགས་མྱུར་ངང་སྤྱོད་གོ་ཆོད་པའི་ཇུས་གཞི་བཏོན་ནས་ལས་གཞི་དུས་ལྟར་ལས་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲའོ་ལིན་ཡུན་གྱིས་ཐེ་བོ་རྫོང་དང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཧུར་ཐག་གིས་དྲིལ་བསྒྲགས་བྱས་པ་བརྒྱུད་བསམ་བློའི་ངོས་ཟིན་སྔར་བས་གཅིག་གྱུར་དང་གཅིག་མཐུན་བྱུང་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་གཏོད་དགོས། ལས་གཞིའི“ལྗང་མདོག་བགྲོད་ལམ”བཙུགས་ནས་ཡུག་སྦྲེལ་ཞིབ་མཆན་འགོད་པའི་བྱ་བའི་རྐྱེན་སྲོལ་འཛུགས་དགོས། བྱ་བའི་ཁྲོད་ཀྱི་ཚུལ་མིན་སྤྱོད་ཚུལ་ཐག་གཅོད་བྱས་ནས་བྱ་བའི་ཁོར་ཡུག་བཟང་བོ་ཞིག་བཏོད་དེ་ལས་གཞི་ལག་བསྟར་བྱས་པ་དེས་མང་ཚོགས་བློ་ཡིད་ཚིམ་པ་དང་ལས་གཞི་ཕྱོགས་སོ་སོའི་བློ་ཡིད་ཚིམ་པོ་ཡོང་བར་འགན་ལེན་བྱས་ནས། ལས་གཞི་འཛུགས་སྐྲུན་ཁྲོད་ཐོན་པའི་གནད་དོན་ལ་དམིགས་ནས་མཁྲེགས་གཏོར་དཀའ་སེལ་དང་འགོ་ཁྲིད་ལ་ཤུགས་སྣོན། འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་འཛུགས་སྐྲུན་གྱི་ཁོར་ཡུག་བཟང་བོ་ཞིག་གཏོད་དགོས། ཁྲིམས་ལྟར་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་བོ་ཞིག་འགན་ལེན་བྱས་ཏེ་ལས་གཞི་ལ་ཕན་འབྲས་ཐོན་ཐུབ་པ་བྱ་དགོས་པའི་བླང་བྱ་བཏོན། །    

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།