ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཆུ་རྫོང་གིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བས་གྲོང་གསེབ་དར་རྒྱས་འཐབ་ཇུས་ཐད་བཏོན་པའི“ཐོན་ལས་དར་རྒྱས། སྐྱེ་ཁམས་བདེ་སྡོད། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་ཡར་རྒྱས”བཅས་ཀྱི་བྱ་བའི་ཇུས་གཞི་ལག་ལེན་མཐར་ཕྱིན་བྱས་ཏེ་དུས་ཐོག་ཏུ《ཀླུ་ཆུ་རྫོང་ཞིང་ཕྱུགས་ནགས་ལས་ཅུའུ་ཡིས་གྲོང་གསེབ་དར་རྒྱས་འཐབ་ཇུས་དང་རོང་འབྲོག་སྡེའི“སྒྱུར་གསུམ”བཅོས་སྒྱུར“བརྒྱད་གསུམ”གྱི་བྱ་བ་ལག་བསྟར་འཆར་གཞི》གཏན་འཁེལ་བྱས་ཤིང་།  ཐོན་ལས་ཀྱི་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་བ་བརྒྱུད་དེ་རྫོང་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེའི་བྱ་བ་བརྟན་པོའི་ངང་འཕེལ་རྒྱས་སུ་བཏང་བ་རེད།

ཐོན་ལས་དར་རྒྱས་རྐང་འཛུགས་ས་བྱས་ནས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་པ་དང་། “ཞིང་གསུམ”གནད་དོན་ཐག་གཅོད་དང་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། 《ཀླུ་ཆུ་རྫོང་གི12345ཐོན་ལས་དབུལ་སྐྱོར་སྲ་བརྟན་མཐོར་འདེགས་བྱ་བའི་ལག་བསྟར་ཇུས་གཞི》གཏན་ཁེལ་བྱས་ནས། རྫོང་ཡོངས་སུ་ཀླུ་ཆུའི་བཞུར་རྒྱུད་ཀྱི་རོང་མ་འབྲོག་གི་ས་ཁུལ་ལམ་ནགས་ཚལ་ཁུལ། རྒྱལ་ཁབ་རིམ་པའི་ལམ་ཐིག213རྒྱུད་ཀྱི་འབྲོག་ཁུལ་བཅས་ཐོན་ལས་ཁུལ་གཉིས་སུ་བགོས། “12345”ཡི་ཐོན་ལས་དབུལ་སྐྱོར་སྲ་བརྟན་མཐོར་འདེགས་ཇུས་གཞིའི་རིགས་ལམ་ལྟར། ཤུགས་ཆེན་སྒོས་ཐོན་ལས་དང་བོ་དང་གཉིས་པ་གསུམ་པ་བཅས་མཉམ་སྦྲེལ་ངང་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་རིམ་བཞིན་གཙོ་ཁྲིད་ཐོན་ལས་དང་ཁྱད་ལྡན་ཐོན་ལས། སྲོལ་རྒྱུན་ཐོན་ལས། གསར་དར་ཐོན་ལས་བཅས་ཐོན་ལས་ཆེན་པོ་རིགས་བཞི་གྲུབ་པ་དང་། “ཚོང་རྟགས་གཅིག་དང་མཚོན་རྟགས་གསུམ”གྱི་ཕྱུགས་ལས་ཐོན་རྫས་རིགས་གསར་བ6སྙན་ཞུ་ཞུས་པ་དང་། དུས་ཐོག་ཏུ2019ལོའི་འགན་ལེན་རྣམ་གྲངས12ཀྱི་འགན་ལེན་ལས་འགན་སོགས་ཕྱུགས་ལས་ལས་རིགས་ཀྱི་གཙོ་གནད་བྱ་བ་ལེགས་གྲུབ་བྱུང་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།