ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་སྲིད་ཇུས་དོན་འཁྱོལ་བྱས་ནས“བདེ་ཐང་དབུལ་སྐྱོར”ལ་རོགས་རམ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱིས“མང་ཚོགས་དབུལ་པོས་ནད་གཞིར་ལྟ་ཐུབ་པ་དང་། ནད་གཞིར་ཡག་པོ་ལྟ་ཐུབ་པ། ནད་གཞི་ཉུང་ཙམ་ཕོག་པ”བཅས་ཀྱི་དམིགས་ཚད་དམ་པོར་བཟུང་ནས“2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ’གྱི་དབུལ་ཐར་ཚད་གཞི”བརྟན་བརླིང་ངང་མངོན་འགྱུར་ཡོང་བ་བྱས་ཏེ་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དམ་འཛིན་ཞིབ་ཚགས་དང་། དམ་འཛིན་ཏན་ཏིག དམ་འཛིན་ཤུགས་ཆེན་བཅས་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སྨན་བཅོས་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་བ་དང་། མང་ཚོགས་ལ་“གཞི་རྩའི་སྨན་བཅོས་ལ་འགན་སྲུང་ཡོད་པའི་”ཁྱབ་ཁོངས་དང་མཐའ་མཚམས་ངོས་འཛིན་ཡང་དག་བྱེད་པར་ཁྲིད་སྟོན་བྱས་ཏེ་ལུགས་མཐུན་སྒོས་སྨན་བཅོས་བྱེད་པར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་དུ་གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་འགན་བཅོལ་ནང་ཞུགས་ཡོད་པ་དང་འགན་བཅོལ་ནང་ཞུགས་ཚད100%ཟིན་ཡོད། 

མི་འབོར་དབུལ་པོ་འགན་བཅོལ་ནང་ཞུགས་པའི་རོགས་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མི་འབོར་དབུལ་པོའི་གྲོན་དངུལ་འཇལ་བའི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། གཙོས་གྲོང་ཁྱེར་གྱིས《གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི2020ལོའི་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་བའི་རོགས་སྐྱོར་ཚད་གཞིའི་སྐོར་གྱི་བརྡ་སྦྱོར》པར་འགྲེམ་བྱས་ནས་གྲངས་ཚང་རོགས་སྐྱོར་བྱ་ཡུལ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་གྲངས་ཚང་འགན་ལེན་བྱ་ཡུལ(གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་གྲངས་ཚང་འགན་ལེན་བྱ་ཡུལ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་རིགས་དང་པོའི་འགན་ལེན་བྱ་ཡུལ)དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དྭ་ཕྲུག་བཅས་ཡིན་ལ། བཅད་གྲངས་རོགས་སྐྱོར་བྱ་ཡུལ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆད་གྲངས་འགན་ལེན་བྱ་ཡུལ(གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆད་གྲངས་འགན་ལེན་བྱ་ཡུལ)དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཁག་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་འགན་ལེན་བྱ་ཡུལ)ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་སོགས་འགན་བཅོལ་ནང་ཞུགས་མཁན་ཚང་མར་ཁྱབ་ཡོད། 

གཙོས་གྲོང་ཁྱེར་གྱིས་མི་འབོར་དབུལ་པོ་སྨན་ཁང་དུ་བསྡད་ནས“སྔོན་ལ་སྨན་བཅོས་དང་རྗེས་སུ་རྩིས་རྒྱག་པའི”ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་སྔོན་ལ་ནད་བརྟག་སྨན་བཅོས་བྱས་རྗེས་བསྡོམས་རྩིས་བརྒྱབ་ནས་སྨན་ཁང་དུ་སྡོད་པའི་གཏའ་དངུལ་སྤྲོད་མི་དགོས་པ་དང་། སྨན་ཁང་ནས་ཕྱིར་འབུད་པའི་འགྲོ་ལུགས་བཅས“གཅིག་འཐུས་རྣམ་པའི”རྩིས་ཞུ་བྱེད་པ་དང་། མི་སྒེར་གྱི་རང་སྤྲོད་བྱས་པ་ཕུད་པའི་འགྲོ་གྲོན་རྣམས་སྨན་ཁང་དང་སྨན་བཅོས་འགན་བཅོལ་སོགས་སྡེ་ཚན་གྱིས་ཐད་ཀར་རྩིས་རྒྱག་པ་བཅས་ཀྱིས་ནད་པ་དབུལ་བོར་སྟབས་བདེ་བཟོས་ཡོད། གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུའུ་ཡིས་ད་དུང་ཤང་གྲོང་ཁག་དང་ཁྲོམ་གཞུང་ཁག་ཏུ་འགྲོ་ལུགས་སྟབས་བདེ་ཅན་དུ་བཏང་ནས“གཅིག་འཐུས་རྣམ་པའི་མཉམ་སྒྲུབ”ཀྱི་ཞབས་ཞུའི་བརྒྱུད་རིམ་ཇུས་འགོད་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་དུ་བསྐྱོད་ནས་གཅོང་ནད་དང་དམིགས་བསལ་གྱི་ནད་གཞི་ཚབས་ཆེན་གྱི་ལག་ཁྱེར་དཔང་ཡིག་གཅིག་སྡུད་ཐོག་སྒྲུབ་སྟེ་མི་འབོར་དབུལ་པོར་བདེ་ཐང་དབུལ་སྐྱོར་སྲིད་ཇུས་ལས་བྱུང་བའི་དངོས་ཕན་ལོངས་སྤྱོད་ཐུབ་པ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།