ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་ཁུལ་གྱིས་གནས་སྐོར་ལས་རིགས་ལ་བརྟེན་ནས་ཞིང་སྡེ་དར་རྒྱས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126046795_15906706188701n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དེ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་ཅིང་། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ལྟག་ཆུ་བསྐྱིལ་གསོག་ས་ཁུལ་གལ་ཆེན་ཡིན། མཛེས་ལྗོངས་དང་ས་དབྱིབས་སྣ་མང་དང་། རྣམ་པ་བཀྲ་བའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མང་པོའི་ཡིད་དབང་འཕྲོག་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀན་ལྷོ་ཁུལ་གྱིས་ས་གནས་དེའི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས། རིག་གནས་ཡུལ་སྐོར་ཐོན་ལས་དང་དབུལ་ཐར་མཁྲེགས་གཏོར། ཁོར་ཡུག་བཅོས་སྐྱོང་། ཞིང་སྡེ་དར་རྒྱས་སོགས་ཀྱི་ལས་དོན་ཟུང་འབྲེལ་བྱས་ཏེ། ས་ཁོངས་ཡོངས་ཀྱི་གནས་སྐོར་ཆེད་ལས་ཞིང་སྡེ་བརྒྱ་དང་གནས་སྐོར་བྱེད་ནུས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་གྲོང་ཚོ་སྟོང་འཚོལ་ཞིབ་གསར་སྐྲུན་བྱས་ལ། སྐྱེ་ཁམས་བྱེད་ནུས་དང་། རང་བྱུང་ཐོན་ཁུངས། མི་རིགས་དམངས་སྲོལ་རིག་གནས་བཅས་ལ་དམིགས་ཏེ། ལས་རྣམ་སྣ་མང་མཉམ་འདྲེས་འདེགས་སྐྱོར་གྱི་ས་ཁོངས་ཧྲིལ་བོའི་གནས་སྐོར་གྱི་རྣམ་པ་གསར་བ་གཏོད་པ་དང་ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་ཡོད་པས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་ནས་ཕྱུག་འགྱུར་བྱུང་བར་སྐུལ་ཁྲིད་བྱས་པ་རེད། ། 

1126046795_15906706191851n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།