ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར76.1བཏང་ནས་རིག་གནས་ཡུལ་སྐོར་རྣམ་གྲངས9ལ་གན་རྒྱ་བཞག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ad917f6b37174f14add15da3c414efe9.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས26ཉིན་ཀན་སུའུ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་སྐུལ་སྤེལ་ཚོགས་འདུ་ཐེན་ཧྲུའེ་རུ་འཚོགས་ཤིང་། ཐེངས་འདིའི་ཚོགས་འདུ་ནི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚོགས་པ་ཡིན་ལ། ཡུལ་དངོས་སུ་ལྟ་སྦྱོང་དང་གན་རྒྱ་འཇོག་པ་ཁག་གཉིས་སུ་དབྱེ་ཡོད། བསྡོམས་པས་མཉམ་ལས་གྲོས་མཐུན་གྱི་རྣམ་གྲངས་དང་གན་རྒྱའི་རྣམ་གྲངས9ལ་མིང་རྟགས་བཀོད་དེ་མ་དངུལ་སྒོར་དུང་ཕྱུར76.1བཏང་བ་དང་། དངུལ་ཁང7གྱིས་མ་དངུལ་བསྡུ་སྒྲིལ་དང་ཡིད་རྟོན་བྱེད་ཚད་སྒོར་དུང་ཕྱུར36.5ཟིན་ཡོད། 

5353bf1cb8d74b429a025c63fb0e3c2e.jpg

སྐུལ་སྤེལ་ཚོགས་འདུའི་ཐོག་བསྟན་དོན། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འབྲེལ་ཚད་མཐོ་བ་དང་སྐུལ་ཁྲིད་ཀྱི་ཕན་འབྲས་ཆེ་བས་དེ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་འཕར་གཞི་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཀྱི་འབྱུང་རྩ་ཡིན་ལ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པའི་སྔོན་སྐྱོད་ཐོན་ལས་ཤིག་ཀྱང་ཡིན། ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་དག་གི་རིག་གནས་ཡུལ་སྐོར་སྡེ་ཚན་དང་རིག་གནས་ཡུལ་སྐོར་ཁེ་ལས་ཁག་གིས་རྒྱལ་ཁབ་ཀྱིས་“རེས་སྐོར་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་”དང་། “རྒྱུད་གཅིག་ལམ་གཅིག”“སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་”སོགས་སྲིད་ཇུས་གལ་ཆེན་གྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ་རིག་གནས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། 

5ee57849c8d44462bc6fe05c00186dd1.jpg

ཚོགས་འདུའི་ཐོག ཞིང་ལས་དངུལ་ཁང་ཀན་སུའུ་ཞིང་ཆེན་ཡན་ལག་དངུལ་ཁང་སོགས་དངུལ་ཁང་སྒྲིག་གཞི7གྱིས་མའེ་ཅི་ཧྲན་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་སོགས་རིག་གནས་ཡུལ་སྐོར་ཁེ་ལས8དང་དངུལ་རྩའི་མཉམ་ལས་གྲོས་མཐུན་བཞག་པ་དང་། ཀྲུང་ཁྲིན་འཛུགས་སྐྲུན་ལས་གཞི་ཅུའུ་བཅུ་གསུམ་པ་སོགས་རྒྱལ་ནང་གི་མ་འཇོག་ཀུང་སི9ཡིས་ཡུས་མོན་གྲོང་ཁྱེར་ལིན་ཀྲི་ལུས་རྩལ་རིག་གནས་སྨྱན་སྦྱོར་ཀུང་སི་སོགས་ཞིང་ཆེན་ནང་ཁུལ་གྱི་རིག་གནས་ཡུལ་སྐོར་ཁེ་ལས8དང་ཚོང་འགུགས་མ་འདྲེན་གྱི་གྲོས་མཐུན་བཞག་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།