ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་བོད་རིགས་ས་ཁུལ་གྱི“སྦྲ་གུར་གྲོང”གིས་མགྲོན་པོར་བསུ་བ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཟླ་སྨད་དུ་ཀན་སུའུ་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་རིམ་བཞིན་སླར་གསོ་བྱུང་བ་དང་ཆབས་ཅིག་ཏུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གིས་བསྐྲུན་པའི“སྦྲ་གུར་གྲོང”གི་སྒོ་དངོས་སུ་ཕྱེས་ཏེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་གནའ་ཉམས་བབ་ཆགས་ཀྱི་བོད་ཁྱིམ་གྱི་ཡུལ་སྲོལ་གོམས་གཤིས་ཉམས་ལེན་བྱེད་དུ་བཅུག “སྦྲ་གུར་གྲོང”གནས་སའི་ཨ་མཆོག་གྲོང་རྡལ་ཨ་སྐོར་གྲོང་ཚོ་ནི་ཀན་སུའུ་ཞིངཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི“གཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གཞི་ཡུལ་སྐོར་གྱི་ཚད་ཤིང་གྲོང་ཚོ་ཞིག་རེད། ས་གནས་དེ་གར་རྩྭ་ཐང་ལྟ་སྐོར་དང་། དམངས་སྲོལ་ཉམས་ལེན། རྐང་ཐང་དུ་ཕྱིར་བསྐྱོད། བོད་ཟས་རོལ་མྱོང་། སྦྲ་གུར་གྱི་འཚོ་བ། རྟ་བཞོན་ནས་ཡུལ་སྐོར་བྱེད་པ་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱས་ཡོད་ཅིང་། ཡུལ་སྐོར་བས་གདོད་མའི་དུས་དང་དེང་རབས་མཉམ་འདྲེས་ཁྲོད་བསམ་བློར་ཤུགས་རྐྱེན་བཟང་པོ་བཞག་སྟེ་བོད་ཁྱིམ་གྱི་བུ་ཕྲུག་ཚོའི་སྤྲོ་སེམས་དང་བབ་ཆགས་ཚོར་ཐུབ་བྱས། 

འདི་ནི་བོད་རིགས་བུ་མོས་ཞབས་བྲོ་འཁྲབ་ནས་མགྲོན་པོ་བསུ་བཞིན་པ།

འདི་ནི་སྦྲ་གུར་གྲོང་གི་ཟུར་ཞིག་རེད།

འདི་ནི་ཡུལ་སྐོར་པས་རྩྭ་ཐང་གི་མཛེས་ལྗོངས་ལ་བལྟ་བཞིན་པ།

འདི་ནི་ཡུལ་སྐོར་པ་སྦྲ་གུར་གྲོང་དུ་འཆམ་འཆམ་ལ་འགྲོ་བའི་ཚུལ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།