ཀྲུང་གོ་བོད་ཀྱི་དྲ་བ།

​དཔའ་རིས་རྫོང་གི《མི་རིགས་མཐུན་སྒྲིལ་གྱི་མགྲོན་བསུའི་རོལ་དབྱངས》དངོས་སུ་ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

QQ截图20200520082801.png

ཚོགས་འདུའི་ཡུལ་དངོས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས18ཉིན་ཀྲུང་གུང་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཨུ་ཡོན་ལྷན་ཁང་དང་དཔའ་རིས་བོད་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་རྫོང་བཙུགས་ནས་ལོ་འཁོར70ལོན་པའི《མི་རིགས་མཐུན་སྒྲིལ་གྱི་མགྲོན་བསུའི་རོལ་དབྱངས》ཀྱི་ཡོངས་བསྒྲགས་ཚོགས་འདུ་ཀན་སུའུ་ཞིང་ཆེན་ཝུའུ་ཝའེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དངོས་མང་བཤམས་སྟོན་ཁང་དུ་འཚོགས་པ་རེད།

ཚོགས་འདུའི་ཁྲོད་དྲ་རྒྱའི་ཐད་གཏོང་བརྒྱུད་ནས་དཔའ་རིས་རྫོང་བཙུགས་ནས་ལོ་འཁོར70ལོན་པའི《མི་རིགས་མཐུན་སྒྲིལ་གྱི་མགྲོན་བསུའི་རོལ་དབྱངས》ཁྱབ་བསྒྲགས་བྱས་པ་དང་། རོལ་དབྱངས་དེའི་རིང་ཚད་ལ་སྐར་མ33དང་སྐར་ཆ20ཡོད་ལ། དེ་ནི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཙུགས་ཚུན་ས་གནས་དེའི་རོལ་དབྱངས་མཁས་པས་བརྩམས་པའི་གླུ་གཞས་བརྩམས་ཆོས300ལྷག་ཙམ་ཁྲོད་ལེགས་འདེམས་བྱས་ཤིང་བརྩམས་ཆོས13བཅོས་སྒྲིག་བྱས་ནས་གྲུབ་པ་ཡིན། དཔའ་རིས་རྫོང་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱིས་འཚོལ་བསྡུ་ལེགས་སྒྲིག་དང་། ཀྲུང་གོའི་དབྱངས་རྩོམ་མཁན་ཡའོ་ཧྲུའུ་ཝུན་གྱིས་དབྱངས་བརྩམས་པ་རེད།

 དཔའ་རིས་རྫོང་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་རྫོང་ཐོག་མ་ཡིན་པས། བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། སོག་རིགས་སོགས་མི་རིགས28ཐུན་མོང་དུ་གནས་དེར་འཚོ་སྡོད་བྱེད་པ་དང་། མི་རིགས་སོ་སོས་རིག་གནས་སྒྱུ་རྩལ་ཕན་ཚུན་མཉམ་འདྲེས་ངང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གསར་གཏོད་དང་རྒྱུན་འཛིན་བྱེད་བཞིན་ཡོད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།