ཐེ་བོ་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་ངལ་ནུས་གཞན་སྒྱུར་བྱས་ནས་ཡོང་འབབ་འཕར་བར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་ཤས་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གིས་ཞིང་ལས་སོས་དལ་དུས་སྐབས་བེད་སྤྱོད་བྱས་ནས་ཞིང་སྡེའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་གཙོ་གནད་དུ་བཟུང་སྟེ་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་དང་ལས་ཞུགས་རྩལ་ནུས་གསོ་སྦྱོང་རྩ་འཛུགས་བྱས་ཤིང་། ཆེད་དམིགས་ལས་དོན་ཚན་ཆུང་བཙུགས་ནས་བྱ་བའི་ཇུས་གཞི་བཟོ་བ་དང་ངལ་ནུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་ངལ་ནུས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་བྱ་རྒྱུར་རྩ་འཛུགས་བྱས་པ་རེད།

གསོ་སྦྱོང་དང་། དཔང་ཡིག་སྤྲོད་པ། གཞན་སྒྱུར། རྗེས་འདེད་བཅར་འདྲི་བཅས་ཀྱི“ཕྱོགས་བཞི་གཞི་གཅིག”གི་ཞབས་ཞུའི་ངལ་ནུས་རྩལ་ནུས་གསོ་སྦྱོང་དང་སྤོ་སྒྱུར་ལམ་སྲོལ་བཙུགས་ནས་སྡེ་བ་དང་དུད་ཚང་དུ་གསོ་སྦྱོང་གི་དགོས་མཁོར་བརྟག་དཔྱད་བྱས་ཏེ་ངལ་ནུས་རྩལ་ནུས་གསོ་སྦྱོང་འཆར་གཞི་བཟོས་པ་རེད། དེ་དང་ཆབས་ཅིག་ཏུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། ཞིང་ལས་དང་ཞིང་སྡེ། དབུལ་སྐྱོར། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་དམིགས་སའི་རང་བཞིན་གྱི་གསོ་སྦྱོང་སྤེལ། ད་ལྟ་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་རྩལ་ནུས་གསོ་སྦྱོང་གིས་ཁྱོན་ཡོངས་ལ་ཁྱབ་པ་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་གི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པའང་མངོན་འགྱུར་བྱུང་ཡོད།

ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་གི་ཀླུ་མཚོ་ཡིས་སྟེང་ཀ་གྲོང་རྡལ་གྱི་དབུལ་སྐྱོར་འཁོར་ཁང་འཛུགས་སྐྲུན་བྱས་པ་ནས་ང་རང་ཚེམས་བཟོ་བ་ཞིག་ཏུ་གྱུར་པ་དང་། ད་ལྟ་སྒོར་མོ་འཚོལ་ཐུབ་པ་དང་ང་རང་གི་འཚོ་བ་ཡང་ཇེ་བཟང་ལ་སོང་ཡོད་ཟེར། རང་གི་ས་ཆ་ན་དབུལ་སྐྱོར་འཁོར་ཁང་ཡོད་པ་དང་རང་གི་ས་ཆ་ནས་ལས་ཞུགས་ཐུབ་པ་སོགས་ལས་ཞུགས་ལས་གཏོད་ཀྱི་མ་ལག་གསར་བ་དག་གིས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ལ་ལས་ཞུགས་ཀྱི་ལས་གནས་སྔར་བས་མང་བོ་འདོན་སྤྲོད་བྱས་ཏེ་ཁོང་ཚོའི་སྒོ་འགྲམ་དུ་ལས་ཞུགས་བྱེད་པའི་དགོས་མཁོ་བསྐངས་ཡོད།

2019ལོར་ཐེ་བོ་རྫོང་གིས་དབུལ་སྐྱོར་འཁོར་ཁང15བསྐྲུན་ནས་ལས་ཞུགས་མི་གྲངས300ལྷག་བསྡུ་ལེན་བྱས་པ་དང་། གྲོང་ཁྱེར་དང་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལྷག་མ5048སྤོ་སྒྱུར་བྱས་ཏེ་ངལ་ནུས་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི9761.035སླེབས་ཤིང་། འདེབས་འཛུགས་དང་གསོ་སྤེལ་སོགས་དངོས་སྤྱོད་ལག་རྩལ་མི1042གསོ་སྦྱོང་བྱས་ནས་ཧུར་བརྩོན་སྒོས་ལག་རྩལ་མཛུབ་སྟོན་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་འབྲེལ་མཐུད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།