འབྲུག་ཆུ་རྫོང་གིས་ཁེ་ལས་ལས་ཐོན་བསྐྱར་ཚུགས་ལ་རོགས་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ཁྲལ་དོན་ཅུའུ་ཡིས་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་བྱ་བར་རོགས་སྐྱོར་བྱས་ཏེ་ཁེ་ལས་ཁག་ལ་ཁྲལ་དོན་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད།

རིམས་ནད་ལ་སྔོན་འགོག་ནན་མོ་བྱེད་པའི་ཁྲོད་ཁེ་ལས་འཕེལ་རྒྱས་ཀྱི“རྒྱུན་མི་ཆད་པ”དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་ལ“འབྲེལ་གཏུག་མིན་པའི་རྣམ་པའི”ཁྲལ་དོན་དྲིལ་བསྒྲགས་བྱས་ནས“ཁ་པར་སྦྲེལ་མཐུད་པ”དང་སྐད་འཕྲིན་བློ་འདྲི་སོགས་ཀྱི་བྱ་ཐབས་སྤྱད་དེ་རིམས་ནད་སྐབས་ཀྱི་ཁྲལ་བསྡུའི་བྱ་བ་བདེ་བླག་ངང་བསྒྲུབ་པར་འགན་ལེན་བྱས།

སྡེ་ཚན་གྱི་ལས་བཟོ་བ་རྩ་འཛུགས་བྱས་ནས་རིམས་ནད་སྐབས་སུ་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་སློབ་སྦྱོང་བྱས་ཏེ། སྲིད་ཇུས་བྱང་ཆུབ་པའི་རྨང་གཞིའི་ཐོག་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པ་ཁག་བགོས་ཏེ་ཁོངས་གཏོགས་མངའ་ཁུལ་དུ་སོང་ནས་དྲིལ་བསྒྲགས་བྱས། ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་དྲིལ་བསྒྲགས་དང་རིམས་ནད་གསར་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྲལ་བསྡུའི་གཟིགས་སྐྱོང་གསལ་བརྡ1000ལྷག་སྤྲད་པས་ཁེ་ལས་ཀྱི་འབྱུང་འགྱུར་གྱི་སེམས་ཁྲལ་ནུས་ལྡན་ངང་བསལ་ཏེ་རྒྱ་ཆེའི་ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་ལ་ཁྲལ་དོན་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་སྐབས་སྤུས་ལེགས་ཞབས་ཞུ་སྒྲུབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།