ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ནད་གཞི་ཁྱད་པར་ཅན་དང་ཡུན་རིང་བའི་ནད་ཀྱི་སྒོ་བསྟེན་གྲོན་དངུལ་ཁ་གསབ་བྱས་ནས་ནད་པའི་ཁུར་བོ་ཡང་དུ་བཏང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ལོའི་ཟླ8པའི་ནང་ཁུལ་ཡོངས་ཀྱི་སྨན་བཅོས་འགན་ལེན་ཅུས་ཀྱིས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད་ཕོག་པ་སོགས་དམིགས་བསལ་ནད་དང་གཅོང་ནད་ཀྱི་ཡར་ཞུའི་ཚད་གཞི་སླར་ཡང་དམའ་རུ་བཏང་ནས་ཁ་གསབ་ཚད་གཞི་མཐོ་རུ་བཏང་བ་དང་དལ་བའི་དམིགས་བསལ་ནད་རིགས་མང་དུ་བཏང་བ་དང་། ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་ལེན་དམིགས་བསལ་ནད་དང་གཅོང་ནད་ཀྱི་ཡུན་རིང་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་འགྲོ་གྲོན་ཁ་གསབ་བྱ་ཐབསབཟོས་ཏེ་ནད་པའི་ཁུར་བོ་ཡང་དུ་བཏང་།

གདོད་འབྱུང་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ཕྱོགས་བསྡུས་ནད། རླུང་རླན་འདྲ་བའི་ཚིགས་ནད། ཀླད་འགགས་པ། གློ་ཡུའི་ཡན་ལག་དབུགས་འཚང་བ། བརྒྱལ་གཟེར་སོགས་ནད་རིགས17གཅིག་གྱུར་གྱིས་ནང་དུ་འཇུག་པའི་ནད་རིགས་སུ་བརྩིས། དལ་བའི་རང་བཞིན་གྱི་གློ་ནད་དང་། མཁར་མཚམས་འབུར་ཐོན། བརླ་རུས་ཤི་འདྲུལ་སོགས་ནད་རིགས་ལྗིད་མོ12གདམ་གསེས་རང་བཞིན་གྱིས་ཁོངས་སུ་བཅུག་པའི་ནད་རིགས་སུ་བརྩིས་པ་དང་། “ནད་རིགས་བགོ་བ་དང་བསྡུར་ཚད་ལྟར་རོགས་གསབ་བྱེད་པའི”རྩ་དོན་ལྟར་སོ་སོར་གཅོང་ནད་ཕོག་པའི་ནད་པ་ལ་ལོ་རེར་སྒོར30000དང་། སྒོར4000 སྒོར3000བཅས་ཀྱི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་ཁ་གསབ་སྤྲད།

མིག་སྔར་ཁུལ་ཐད་གཏོགས་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོ་བ་མི363ལ་སྨན་བཅོས་འགྲོ་གྲོན་སྒོར་ཁྲི146བཏང་ནས་ལས་ཐོག་ཏུ་ཡོད་པའི་ལས་བྱེད་པ་དང་ལས་བཟོ་བ141དང་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་ལས་བྱེད་པ་དང་ལས་བཟོ་བ་མི222ལ་ཐད་ཀར་ཕན་པ་ཐོབ། ཁུལ་སྨན་བཅོས་འགན་ལེན་ཅུས་སྨན་བཅོས་འགན་ལེན་ཁའོ་ཡི་འབྲེལ་ཡོད་འགན་ཁུར་བས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་ལེན་གྱི་དམིགས་བསལ་དང་གཅོང་ནད་ཀྱི་ཡུན་རིང་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་འགྲོ་གྲོན་ཁ་གསབ་རེ་ཞུ་བྱེད་པར་ངེས་པར་དུ་གཞུང་བཙུགས་རིམ་པ་གསུམ་པའི་ཀ་བ་ཡན་གྱི་སྨན་བཅོས་སྒྲིག་གཞིའི་ཆེད་དོན་སྨན་པའི་ནད་ཐོག་སྨན་བཅོས་ཀྱི་ནད་དཔྱད་དཔང་ཡིག་གམ་ཡང་ན་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་ནད་གཞིའི་ནད་དཔེ་མཁོ་འདོན་བྱ་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་འགན་ལེན་ནང་ཞུགས་སའི་སྨན་བཅོས་འགན་ལེན་སྒྲུབ་གཉེར་སྒྲིག་གཞིར་ཡིག་ཐོག་སྙན་ཞུ་འབུལ་དགོས་ལ། སྨན་བཅོས་འགན་ལེན་སྡེ་ཚན་གྱིས་ལོ་ཕྱེད་ནང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་དཔྱད་ཞིབ་ཐེངས་རེ་བྱ་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།