ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་དུ་དྲག་ཆར་དང་སེར་བའི་གནོད་འཚེ་ཚབས་ཆེན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200507045331257.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས6ཉིན་གྱི་ཕྱི་དྲོའི་དུས་ཚོད5དང་སྐར་མ24ནས་སྐར་མ38བར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་དུ་དྲག་ཆར་དང་སེར་བ་འདྲེས་མ་བབས་ཏེ། ཅོ་ནེ་རྫོང་མཁར་དང་། རྣ་ལུང་། ཝ་དམར་སོགས་ཤང་དང་གྲོང་བརྡལ13ལྷག་ལ་གནོད་འཚེ་ཚབས་ཆེན་བྱུང་ཞིང་། དེ་དག་ལས་ཀྱང་ལིའུ་ལིན་གྲོང་བརྡལ་ལ་གནོད་འཚེ་ཕོག་ཚད་ཧ་ཅང་ཚབས་ཆེན་ཡིན། དྲག་ཆར་དང་སེར་བ་སྐར་མ15ཙམ་ལ་བབས་པ་དང་སེར་བའི་ཚངས་ཐིག་ལ་ཧའོ་སྨི28ཡོད་པ་དང་། དགོང་མོའི་དུས་ཚོད20བར་ཆར་བ་འབབ་ཚད་ཧའོ་སྨི39ལ་བསླེབས། 

20200507045525784.jpg

གནོད་འཚེ་བྱུང་རྗེས། ཅོ་ནེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། གང་མགྱོགས་སྒོས་མེ་གསོད་རུ་ཁག་དང་སྤྱི་བདེ། འགྲིམ་འགྲུལ་ཉེན་རྟོག། དེ་བཞིན་དྲག་སྤྲས་ཉེན་རྟོག་རུ་ཁག་བཅས་རུ་ཁག་ཆེ་གྲས་བཞིའི་མི300ལྷག་བསྡུ་རུབ་བྱས་ནས་གནོད་ཐེབས་ས་ཁུལ་དུ་སོང་སྟེ་མང་ཚོགས་ལ་ཁྲིད་སྟོན་དང་གནོད་ཐེབས་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ཏེ། ནུས་ཤུགས་ཡོད་དགུ་བཏོན་ནས་རང་སྐྱོབ་དང་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་སྤེལ།

མིག་སྔར། གནོད་ཐེབས་གནས་ཚུལ་སྔར་ལས་ལྷག་པའི་སྒོ་ནས་བསྡོམས་རྩིས་བྱེད་བཞིན་པའི་སྒང་ཡིན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།