ཀྲུང་གོ་བོད་ཀྱི་དྲ་བ།

ལོ་རབས90པའི་ནང་སྐྱེས་པའི་བོད་རིགས་ན་གཞོན་ཝང་ལེ་ཕ་ཡུལ་དུ་ལོག་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020200426466066178312.jpg

འདི་ནི་ཝང་ལེ་ཡིས་གཉེར་སྐྱོང་བྱས་པའི་འདེབས་འཛུགས་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་རྟེན་གཞི་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ26ལ་སླེབས་པའི་བོད་རིགས་ན་གཞོན་ཝང་ལེ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ཆུ་དབར་ཤང་ཁྲེང་མ་གྲོང་ཚོའི་འདེབས་འཛུགས་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཞིག་རེད། 2017ལོར་ཕྱི་ཕྱོགས་སུ་རོལ་དབྱངས་སློབ་སྦྱོང་བྱེད་བཞིན་པའི་ཝང་ལེ་ཕྱིར་ཕ་ཡུལ་དུ་ལོག་ནས་སྒྱུ་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་ཆབས་ཅིག་ཏུ་འདེབས་འཛུགས་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཞིག་གཉེར་སྐྱོང་བྱས་ཏེ་སྦྲང་རྒོད་དང་། ཡུལ་བྱ། ཕག་བཅས་གསོ་སྤེལ་བྱེད་པ་དང་། སྟར་ཀ་དང་ཤ་མོ་སོགས་འདེབས་འཛུགས་གསོ་སྤེལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། “ཏང་ཀྲི་པུའུ+མཉམ་ལས་ཁང+རྟེན་གཞི+ཞིང་དུད”བཅས་དང་དེ་བཞིན་དབུལ་སྐྱོར་འཁོར་ཁང་གི་རྣམ་པ་བརྒྱུད་དེ་དུད་ཚང་དབུལ་པོ37སྒོ་རྩར་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་རེད། 

ད་ལོ་ནས་བཟུང་། ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག ཝང་ལེ་ཡིས་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་དྲ་ཐོག་ཚོང་དོན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ལྟ་སྐོར་བར་ཁྱམས་གཏོད་པ། སྤྲོ་གསེང་ཉམས་ལེན་ཁུལ་བསྐྲུན་པ། སྐྱེ་ཁམས་ལྟ་སྐོར་ཞིང་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་རེད། 

W020200426466065884966.jpg

འདི་ནི་ཝང་ལེ་ཡིས་སྟར་ཀ་འདེབས་འཛུགས་ར་བའི་ནང་སྡོང་བོ་འཚར་སྐྱེའི་གནས་ཚུལ་ལ་བལྟ་བའི་ཚུལ་རེད།

W020200426466066253055.jpg

འདི་ནི་ཝང་ལེས་གསོ་སྤེལ་བྱས་པའི་སྦྲང་རྒོད་ཀྱི་སྒམ་ཆུང་ནང་བལྟ་བའི་ཚུལ་རེད།

W020200426466066310794.jpg

འདི་ནི་ཝང་ལེ་ཡིས་སྟར་ཀ་འདེབས་འཛུགས་ར་བའི་ནང་སྡོང་བོ་འཚར་སྐྱེའི་གནས་ཚུལ་ལ་བལྟ་བའི་ཚུལ་རེད།

W020200426466066380152.jpg

འདི་ནི་ཝང་ལེ་ཡིས་གསོས་པའི་ཡུལ་བྱ་རེད།

W020200426466066485566.jpg

འདི་ནི་ཝང་ལེ་ཡིས་དབུལ་སྐྱོར་འཁོར་ཁང་དུ་བྱ་ཕྲུག་འཚར་སྐྱེའི་གནས་ཚུལ་ལ་བལྟ་བཞིན་པ།

W020200426466066531227.jpg

འདི་ནི་ཝང་ལེས་སྒོ་ང་ཐུམ་སྒྲིལ་ཡག་པོ་བྱེད་པའི་ཚུལ་རེད།

W020200426466066571134.jpg

འདི་ནི་ཝང་ལེ་དང་མཉམ་ལས་ཁང་གི་ཞིང་དུད་ཀྱིས་མཉམ་དུ་ལྟ་སྐོར་བར་ཁྱམས་བསྐྲུན་བཞིན་པ། 

W020200426466066642127.jpg

འདི་ནི་ཝང་ལེས་གློག་རྡུལ་ཚོང་དོན་སྟེགས་བུའི་བྲིན་ཚོང་གནས་ཚུལ་ལ་བལྟ་བཞིན་པ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།