ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་ད་ལོའི་ཡུལ་སྐོར་གྱི་ཆེད་སྤྱོད་དུས་གཏན་མེ་འཁོར་ཐོག་མ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

d66995b1fce24a70b5c68ba0acafcf29.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “ནུབ་རྒྱུད་སྐོར་བའི་ཡུལ་སྐོར་མེ་འཁོར་·ཡིད་འོང་གི་ལུང་ནན”ཞེས་པའི་ཡུལ་སྐོར་ཆེད་སྤྱོད་དུས་གཏན་མེ་འཁོརD8882རྟགས་ཅན་ལན་ཀྲོའུ་མེ་འཁོར་བབས་ཚུགས་ནས་ལམ་ལ་ཆས་ཏེ“ཡིད་འོང་ལུང་ནན”གྱི་མཚན་སྙན་ཡོད་པའི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་དུ་བསྐྱོད་པ་རེད། འདི་ནི་ད་ལོའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་ཀྲུང་གོ་ལྕགས་ལམ་ལན་ཀྲོའུ་ཅུའུ་ཚོགས་པ་ཚད་ཡོད་ཀུང་སིས་བཏང་བའི་ཀན་སུའུ་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ཆེད་སྤྱོད་དུས་གཏན་མེ་འཁོར་ཐོག་མ་དེ་ཡིན་པ་རེད།

8fd13162eed047be9fe49f1bb089b1f3.jpg

ཀན་སུའུ་ལན་ཀྲོའུ་ལྕགས་ལམ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ4པ་ནས་བཟུང་རྒྱལ་ནང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གནས་ཚུལ་ལེགས་སུ་སོང་བ་དང་སྦྲགས་ཕྱིར་བསྐྱོད་མཁན་མང་དུ་ཕྱིན་ནས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་སླར་གསོ་ཡོང་བཞིན་ཡོད། ཀན་སུའུ་ལན་ཀྲོའུ་ལྕགས་ལམ་རྒྱལ་སྤྱིའི་ཡུལ་སྐོར་ཀུང་སིས་ཀན་སུའུ་ཞིང་ཆེན་གྱི་ཡུལ་སྐོར་ལས་དོན་ཁང5དང་མཉམ་དུ“ནུབ་རྒྱུད་སྐོར་བའི་ཡུལ་སྐོར་མེ་འཁོར”གྱི་ཡུལ་སྐོར་མནའ་འབྲེལ་བཙུགས་པ་དང་སྐད་འཕྲིན་སྤྱི་རྟགས་སོགས་ལས་སྟེགས་བརྒྱུད་དེ་ཀན་སུའུ་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལམ་ཐིག་དྲིལ་བསྒྲགས་བྱས་པས་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་དང་བཟའ་བཏུང་ལས་རིགས་ལས་ཐོན་བསྐྱར་ཚུགས་ཡོང་བར་སྐུལ་འདེད་བྱས་པ་རེད། 

7b20ef0e494943d0ad4b2994e8247498.jpg

ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་ཆེད་སྤྱོད་དུས་གཏན་མེ་འཁོར་ཐོག་མ་བཏང་རྗེས། མི200ལྷག“ནུབ་རྒྱུད་སྐོར་བའི་ཡུལ་སྐོར་མེ་འཁོར”གྱི་ནང་དུ་ཞུགས་པར་ཐོ་འགོད་བྱས་པ་རེད། ད་ལོའི“ལྔ་གཅིག”གུང་གསེང་རིང་ཀྲུང་གོ་ལྕགས་ལམ་ལན་ཀྲོའུ་ཅུའུ་ཡིས་ལན་ཀྲོའུ་ནས་ཏུན་ཧོང་བར་དང་། ལུང་ནན་ནས་ཅ་ཡུས་ཀོན་བར། ལན་ཀྲོའུ་ནས་ཐེན་ཧྲུའེ་དང་ཕིང་ལེང་བར་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ཆེད་སྤྱོད་དུས་གཏན་མེ་འཁོར་ཐེངས3གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།