ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུའི་ཁྲལ་དོན་གྱིས་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་རམ་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས20ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ཁྲལ་དོན་ཅུའུ་ཡིས་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ལས་དོན་རྒྱུན་མཐུད་ངང་སྤེལ་རྒྱུར་རམ་འདེགས་བྱས་པ་དང་ཆབས་ཅིག་ཏུ་ལས་དོན་མི་སྣས་ཧུར་ཐག་གིས་ཁེ་ལས་སོ་སོར་ཁྲལ་དོན་དམངས་ཕན་དྲིལ་བསྒྲགས་བྱས་པ་རེད།

 འབྲུག་ཆུ་རྫོང་ཁྲལ་དོན་ཅུའུ་ཡིས་རིམས་ནད་སྔོན་འགོག་ནན་པོ་བྱེད་པ་དང་མཉམ་དུ་ཁེ་ལས་འཕེལ་རྒྱས་ཐད་རམ་འདེགས་བྱ་རྒྱུ་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བཟུང་ནས། ཐབས་མང་སྤྱད་དེ་ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་ལ“ངོ་འཕྲད་མི་དགོས་པའི”ཁྲལ་དོན་དྲིལ་བསྒྲགས་བྱས་པ་མ་ཟད། ཁ་པར་དང་སྐད་འཕྲིན་བློ་འདྲི་སོགས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་ལས་དོན་སོ་སོ་བདེ་བླག་ངང་བསྒྲུབ་རྒྱུར་འགན་ལེན་བྱས།

 སྡེ་ཚན་ལས་དོན་མི་སྣ་དག་གིས་རིམས་ནད་སྔོན་འགོག་བྱེད་རིང་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་པ་དང་། སྲིད་ཇུས་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་འགོ་ཁྲིད་གཙོ་བོས་རུ་ཁག་སྣེ་ཁྲིད་དེ་ཁོངས་གཏོགས་ཁུལ་དུ་དྲིལ་བསྒྲགས་ཟུར་ཁྲིད་བྱེད་པར་བསྐྱོད་པ་དང་། ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་དག་ལ《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་དེབ》དང་། 《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲལ་བསྡུའི་གཟིགས་སྐྱོང་གསལ་བཤད་ཡི་གེ》1000ལྷག་ཙམ་སྤྲད་པས་ཁེ་ལས་ཀྱི་འབྱུང་འགྱུར་སེམས་ཁྲལ་སེལ་ནས་རྒྱ་ཆེའི་ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་ལ་ཁྲལ་དོན་སྡེ་ཚན་གྱི“རིམས་ནད”སྔོན་འགོག་ཚོད་འཛིན་བྱེད་རིང་གི་སྤུས་ལེགས་ཞབས་ཞུ་ཐོབ་པར་བཅུག །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།