ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་གྱིས་འབྲོག་པར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་པ།

W020200417566989853760.jpg

འདི་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཀ་ཤུལ་གྲོང་ཚོའི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་ས་ཁུལ་ནི་རྒྱལ་ཡོངས་ཀྱི“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཡིན་པ་དང་བསྡོམས་པས་མི་འབོར་ཁྲི73ཡོད་པའི་ཁྲོད་ནགས་ཁུལ་དུ་འཚོ་གནས་བྱེད་བཞིན་པའི་མི་ཁྲི40ཙམ་ཡོད་པ་དེས་ཁུལ་ཡོངས་ཀྱི་མི་འབོར་བསྡོམས་གྲངས་ཀྱི55%བཟུང་ཡོད། 

ཉེ་བའི་ལོ་འགའི་རིང་། ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་ཐོན་ལས་དབུལ་སྐྱོར་དང་། སྐྱེ་ཁམས་ནགས་སྲུང་དབུལ་སྐྱོར། སྐྱེ་ཁམས་ཁ་གསབ་དབུལ་སྐྱོར་བཅས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཁེ་སྤོགས་མཉམ་སྤྱོད་བཅས་ཀྱི་ཕན་པ་ཐོབ་པའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་བ་རེད། ནགས་ཁུལ་གྱི་དོན་དངོས་ལ་གཞིགས་ནས་ཀན་ལྷོ་ཁུལ་གྱིས་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། སྐྱེ་ཁམས་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་བཅས་ཀྱི་ལས་གཞི་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོ་སྔོན་ལ་བཀོད་སྒྲིག་བྱས་པ་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་ཁྱབ་ཚད་མང་དུ་བཏང་བས་མི་འབོར་དབུལ་པོ་ཁྲི3.4ཙམ་ལ་ཕན་པ་ཐོབ་པ་རེད། “སྐྱེ་ཁམས་ཁ་གསབ་དབུལ་ཐར་གྱི་རྣམ་གྲངས་སྐོར་ཅིག”ལག་ལེན་ཤུགས་ཆེན་བསྟར་ནས་སྐྱེ་ཁམས་ནགས་སྲུང་བ10323གདན་ཞུ་བྱས་པ་དང་བསྡོམས་རྩིས་བརྒྱབ་ན་གླ་ཆའི་ཁ་གསབ་སྒོར་ཁྲི21296.8དོན་འཁྱོལ་བྱས་པ་རེད། ནགས་ཁུལ་ཕུད་ཀན་ལྷོའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་འཚོ་བ་སྐྱེལ་མཁན་གྱི་འཚོ་བར་ཡང་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་ལ། དེང་སྐབས་ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་གྲོང་ཚོ1303བསྐྲུན་ཡོད། 

ཀ་ཤུལ་གྲོང་ཚོ་ནི་ཀན་ལྷོ་ཁུལ་གྱིས་གྲོང་ཚོ་ཡོངས་ཀྱི་ཐོན་ལས་དེ་སྲོལ་རྒྱུན་གྱི་འབྲོག་ལས་ནས་རིག་གནས་ཡུལ་སྐོར་ལས་རིགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྐྱེ་ཁམས་འབྲོག་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་ཟུང་འབྲེལ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱེད་པ། “རྩལ་ནུས་གསོ་སྦྱོང+ཏང་ཡོན་གྱིས་སྣེ་ཁྲིད+མང་ཚོགས་ཀྱིས་གཉེར་བ”བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་མཚོན་ཞིག་འཚོལ་ཞིབ་བྱེད་པ་བཅས་རེད། ཀ་ཤུལ་གྲོང་ཚོའི་ནང་གཏན་འཇགས་ལས་མི་བཀོལ་སྤྱོད་བྱེད་མཁན་གྱི་ལོ་རེའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི1.3ནས་སྒོར་ཁྲི1.5བར་ཟིན་གྱི་ཡོད། ”ཅེས་མཚོ་ཉིན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ལིན་གྱིས་བཤད། 

ཀན་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིང་ཡུན་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་ལས་ཞུགས་ལས་གནས་མང་དུ་ཕྱིན་ནས་འབྲོག་ཁུལ་གྱི་མང་ཚོགས་ཚོ་འབྲོག་ར་ནས་ཁྲོམ་རར་བསྐྱོད་ཐུབ་པ་དང་ཁྱིམ་ལས་བྱེད་པ་ནས་ཚོང་རྒྱག་པའི་ཕྱོགས་སུ་སྐྱོད་ཐུབ་པ་བྱུང་ཡོད། འབྲོག་པ་མང་ཚོགས་མང་པོ་ཞིག་གིས་ཕྱུགས་རིགས་བཙོངས་ཏེ་ཡུལ་སྐོར་ཞབས་ཞུའི་ལས་རིགས་གཉེར་འགོ་ཚུགས་པ་དེས་རྩྭ་ར་སོར་ཆུད་སྐྱེ་འཕེལ་ཐུབ་པ་དང་སྐྱེ་ཁམས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ནས་རྩྭ་ཐང་དང་ནོར་ལུག་གཉིས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ“སྔོ་ཞིང་དྭངས་བའི་རི་ཆུ”དང“གསེར་རི་དངུལ་རི”གཉིས་ཀྱི་ལོ་ལེགས་བསྡུ་བ་མངོན་འགྱུར་བྱུང་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།