ཀྲུང་གོ་བོད་ཀྱི་དྲ་བ།

རྫོང་སོ་སོ་དང་གྲོང་ཁྱེར་དུ་ཡན་ལག་ཚོགས་ར་བཙུགས་ཏེ་རྨ་ཆུ་རྫོང་གི་དབུལ་ཐར་བྱ་བ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།   རྩོམ་པ་པོ། : མཁའ་བྱམས་ཚེ་རིང་།   སྤེལ་དུས། : 2020-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2019ལོར། རྨ་ཆུ་རྫོང་གིས་མུ་མཐུད་དུ “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”དམ་པོར་བཟུང་ནས། མི་འདང་སར་ཁ་གསབ་བྱས་པ་དང་ཞན་སར་ཤུགས་བསྣན་པ་དང་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་དམངས་ལ་ཁེ་ཕན་བསྐྲུན་པ། ལྟ་སྐུལ་དོ་དམ་གཙིགས་སུ་བཟུང་ནས་ལག་ལེན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བས། རྫོང་ཡོངས་ཀྱི་དབུལ་ཕོངས་མི་གྲངས་དེ 2014ལོའི་དུད་ཁྱིམ 1743གྱི་མི་གྲངས 6978ཡོད་པ་ནས་མིག་སྔའི་དུད་ཁྱིམ 39ཡི་མི་གྲངས 102ལ་ཇེ་ཉུང་དུ་སོང་བས་རྫོང་ཡོངས་ཀྱི་དབུལ་ཐར་ཞྭ་མོ་ཕུད་པའི་དམིགས་འབེན་མངོན་འགྱུར་བྱུང་།

ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་ཕྱིར་ལྡོག་གནད་དོན་དག་ཐེར་སྒྲིག་བཅོས་དང་ཕྱིར་མིག་བལྟ་བ་ཞེས་པའི་བྱ་བ་ནན་གྱིས་སྤེལ་བ་དང་། ཕྱོགས་ཡོངས་ནས “མི་ཕུད་པ་བཞི”ཡི་སྲིད་ཇུས་དོན་འཁྱོལ་བྱས་པས། དུས་ལྟར “3+3”གཙང་སེལ་འོས་འགན་ལེགས་གྲུབ་བྱུང་། སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་ཞུགས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད 96.73%ལ་བསླེབས་ཤིང་། རྫོང་དང་ཤང་རིམ་པར་གཏན་ཁེལ་བྱེད་པའི་སྨན་བཅོས་སྒྲིག་གཞི 13དུ “སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་སྤྲད་ནས”རྩིས་རྒྱག་པའི་ཐབས་ལམ་གཞི་རྩའི་སྟེང་ནས་མངོན་འགྱུར་བྱུང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་སོགས “འགན་སྲུང་ཆེན་པོ་གསུམ”ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་བྱས་ཤིང་། འབྲོག་སྡེའི་འཐུང་ཆུའི་བདེ་འཇགས་ལས་གྲྭ་མཐོར་འདེགས་སུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཐུང་ཆུ་འདོན་སྤྲོད་ནུས་ཚད་ཇེ་ཆེར་བཏང་། གནས་སྤོར་དབུལ་སྐྱོར་གྱི་བགྲོད་ལམ་དང་ཆུ་འབུད་པ། ལྗང་བསྒྱུར། བཙོག་ཆུ་དང་གད་སྙིགས་གཙང་བཟོའི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། དུད་ཁྱིམ 1431གི་མི་གྲངས 5769གནས་སྤོར་གཏན་སྡོད་བྱས། མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་དེ་ལོ་སྔོན་མའི་རྨང་གཞིའི་སྟེང 8%འཕར་བ་དང་།  མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་དུད་ཁྱིམ 2391གི་མི་གྲངས 3347དང་མཐའ་སྐྱོང་འགན་ལེན་བྱ་ཡུལ་དུད་ཁྱིམ 434ཡི་མི་གྲངས 884སྟེ་འགན་ལེན་བྱ་དགོས་པ་ཚང་མ་འགན་ལེན་བྱེད་པ་མངོན་འགྱུར་བྱུང་། ཐེན་ཅིན་གྲོང་ཁྱེར་ཧོ་པེ་ས་ཁུལ་དང་ཕན་ཚུན་འཚམས་འདྲི་བྱེད་ཤུགས་ཆེ་རུ་བཏང་ནས། ཁ་གཏད་རོགས་སྐྱོར་དང་སྤྱི་ཚོགས་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི 3109མཐུན་སྦྱོར་བྱས་ཏེ། སློབ་གསོ་དང་འཕྲོད་བསྟེན། ཐོན་ལས། གསོ་སྦྱོང་། ངལ་ལས། འཛད་སྤྱོད་སོགས་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་ཤིང་། ས་ཁུལ་གཉིས་ཀྱི་ཁེ་ལས་དང་། ཤང་དང་གྲོང་རྡལ། སྲང་ལམ། སྡེ་བ་དང་སྡོད་ཁུལ་སོགས་ཀྱི་རོགས་སྐྱོར་འབྲེལ་བ་རྒྱ་བསྐྱེད། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་བཏང་བ་དང་། ཅ་ཡུས་ཀོན་གྱི་རོགས་སྐྱོར་མ་དངུལ་མཐོ་སྒང་གི་དལ་ནད་དང་དམིགས་བསལ་ནད་དྲག་སྐྱེད་ལྟེ་གནས་འཛུགས་སྐྲུན་བྱེད་པར་བཀོལ། རྫོང་ནང་ཁུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད། ལས་ཁུངས 94ཡི་མི 1679ཡིས་དབུལ་ཕོངས་དུད་ཁྱིམ 1741ལ་རོགས་སྐྱོར་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི 850.04ལ་བསླེབས་ཤིང་། སྲིད་ཇུས་ཁྱབ་བསྒྲགས་ཐེངས 1020བྱས་པ་དང་དངོས་དོན 436སྒྲུབ་པར་རོགས་སྐྱོར་བྱས། །      

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།