ཀན་ལྷོ་ཁུལ་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་ཚོགས་པ།

ཟླ 4བའི་ཚེས 3ཉིན་ལ། 2020ལོའི་ཁུལ་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་བརྙན་བརྡའི་རྣམ་པའི་ཐོག་ནས་ཚོགས།

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད།

གྲོས་ཚོགས་སུ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་དང་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2019ལོའི་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་དང 2019ལོའི་བཟོ་ལས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། 2019ལོའི་ཁུལ་ཡོངས་ཀྱི་བཟོ་ལས་དང་འཕྲིན་གཏོང་ལས་རིགས་ཀྱི་སྔོན་ཐོན་སྡེ་ཚན་ལ་གཟེངས་བསྟོད་བྱས་པ་དང་། ཁུལ་བཟོ་འཕྲིན་ཅུས་ཀྱི་འགན་ཁུར་བ་གཙོ་བོས་ཁུལ་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་བའི་སྙན་ཞུ་ཕུལ། ཁུལ་གྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་སྡེ་ཚན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་བྱེད་ཐབས 55དང་། ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས 36ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ཐད་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།     ཧོའུ་ཞའོ་ཧྥུན་གྱིས། འདས་པའི་ལོ་གཅིག་གི་རིང་ལ། དཔལ་འབྱོར་མར་ཆག་པ་ཚབས་ཆེ་བའི་གནོན་ཤུགས་འོག ཁུལ་ཡོངས་ཀྱི་བཟོ་འཕྲིན་མ་ལག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྤྱིའི་བྱ་བའི་བླང་བྱར་གཞིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་དམིགས་ཏེ་གནད་དོན་གྱི་ཕྱོགས་སྟོན་དང་གནད་འཕིགས་པའི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་པས། ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་གཏན་འཇགས་བྱུང་། 2020ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད 4.5%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གནས་ཐང་འཕར་ཚད 4.8%འཕར་བའི་འཕེལ་རྒྱས་དམིགས་འབེན་གཏན་ཁེལ་བྱས་ཤིང་། རྫོང་སོ་སོ་དང་གྲོང་ཁྱེར། སྡེ་ཁག་སོ་སོས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་གོ་སྐབས་དམ་འཛིན་བྱས་ནས། དངོས་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་དགོས། རང་འགུལ་ངང་ཉེན་ཁ་དེ་གོ་སྐབས་སུ་བསྒྱུར་དགོས་ལ་ཚོང་འགུག་དངུལ་འདྲེན་གྱི་སྲིད་ཇུས་ལེགས་པོར་སྤྱད་དེ་གྲངས་གཞི་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གསོག་འཇོག་ཁེ་ལས་གཙོ་བོའི་ཐོན་ནུས་སྔར་བས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱེད་པ་དང་རང་འགུལ་ངང་འགན་འཁྲི་འཁུར་བ་དང་དམིགས་ཚད་འགྲུབ་པ། ལས་འགན་འཁུར་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཕེལ་རིམ་ཇེ་མགྱོགས་དང་ཞན་ཆ་གསབ་པ། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ཧུར་ཐག་གིས་བསྒྲུབས་ནས་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་འབད་བརྩོན་དང་བྱས་རྗེས་འཇོག་དགོས་ཞེས་བསྟན།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།