ཀན་ལྷོ་ཁུལ་གྱིས་ཞིང་ཆེན་གྱིས་དོ་དམ་བྱེད་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི2019ལོའི་དཔྱད་ཞིབ་ཚད་ལེན་ཚོགས་ཆེན་བསྡུས་པ།

ཀན་སུའུ་ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཟླ 4བའི་ཚེས 7ཉིན་ལ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་དཔྱད་ཞིབ་ཚན་ཆུང་རང་ཁུལ་དུ་ཡོང་ནས། ཁུལ་ཡོངས་ཀྱི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི 2019ལོའི་བྱ་བའི་གནས་ཚུལ་ལ་དཔྱད་ཞིབ་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་དཔྱད་ཞིབ་ཚད་ལེན་ཚོགས་ཆེན་གྱི་གཙོ་འགན་ཁུར།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་འགོ་ཁྲིད་ཚན་ཁག་གི་ཚབ་བྱས་ནས་བྱ་བ་ཕྱོགས་བསྡོམས་བྱས་ཤིང་མི་སྒེར་གྱི་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱས།

ཨན་ཅིན་ལུང་དང་ཞུས་ཆང་། བཀྲ་ཤིས་འཚོ། ཧོ་མོའུ་པའོ་སོགས་ཁུལ་ཚན་ཁག་ཆེན་མོ་བཞིའི་ལས་ཁུངས་སུ་ཡོད་པའི་ས་གནས་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་པ་གྲོས་ཚོགས་སུ་ཞུགས་པ་མ་ཟད་མི་སྒེར་གྱི་ཡིག་ཐོག་གི་ལས་འགན་སྒྲུབ་ཚུལ་གྱི་ཡིག་ཆ་ཡར་སྤྲད།

དཔྱད་ཞིབ་ཚད་ལེན་ཚོགས་ཆེན་སྟེང་། དཔྱད་ཞིབ་ཚན་ཆུང་གིས་ཐེངས་འདིའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བ་ལེགས་པོ་བསྒྲུབ་པར་བླང་བྱ་གསལ་བོ་བཏོན་ཅིང་དཔྱད་ཞིབ་རེའུ་མིག་བསྐོང་བར་གསལ་བཤད་ཞིབ་མོ་བྱས།

ཀྲའོ་ལིན་ཡུན་གྱིས་ཚན་ཁག་གི་ཚབ་བྱས་ནས་ཕུལ་བའི་སྙན་ཞུའི་ཁྲོད་དུ། ལོ་གཅིག་གི་རིང་ལ། ཀན་ལྷོ་ཁུལ་གྱི་ཚན་ཁག་ཆེན་མོ་བཞི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཏང་གི་བོད་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས་ནས་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གཏན་འཇགས་སྲུང་སྐྱོང་བཅས་ཚད་མཐའ་རང་བཞིན་གྱི་ལས་འགན་ཆེན་མོ་གསུམ་གཏན་འཇགས་སྲུང་སྐྱོང་བྱས་ནས་བཅོས་སྒྱུར་ལ་སྐུལ་འདེད་དང་སྒྲིག་གཞི་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། གཏན་འཇགས་འགན་སྲུང་སོགས་ཀྱི་བྱ་བ་དམ་པོར་བཟུང་ནས་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་ཕན་འབྲས་མངོན་གསལ་ཐོན་པ་དང་། དཔལ་འབྱོར་འཁོར་རྒྱུག་བརྟན་པོའི་ངང་འཕེལ་བ། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་པ། བཅོས་སྒྱུར་སྒོ་འབྱེད་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་དང་མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ལེགས་བཅོས་འཐོབ་པ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་གཏན་འཇགས། ཏང་དོ་དམ་དང་ཏང་ནན་སྐྱོང་སྐུལ་འདེད་གཏིང་ཟབ་བཏང་སྟེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་དང་དམངས་ཕྱུག་ཁུལ་དར་གྱི་རྣམ་པ་གསར་བ་གཏོད་པའི་འཕེལ་རིམ་ནང་འཕེལ་རྒྱས་གསར་བ་འབྱུང་དགོས་ཞེས་བསྟན།

གྲོས་ཚོགས་སུ། 2019ལོའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལ་དམངས་གཙོའི་ཚད་ལེན་དང་། ལས་བྱེད་པ་འདེམས་བསྐོའི “སྙན་ཞུ་གཅིག་དང་དཔྱད་མོལ་གཉིས”དྲ་ཐོག་ནས་དཔྱད་ཞིབ་མ་ལག་བརྒྱུད་དེ་ཚད་ལེན་བྱས།

    ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་དཔྱད་ཞིབ་ཚན་ཆུང་གི་ཁོངས་མི་དང་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བྱེད་སྡེ་ཁག་དང་ཐད་གཏོགས་སྡེ་ཚན། མང་ཚོགས་ཚོགས་པའི་རྩ་འཛུགས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་དེ་མིན་རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་སུ་ཞུགས།།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།