ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁག་ཐེངས་དབྱེ་ནས་སློབ་འགོ་འཛུགས་པ་དང་སློབ་ཚན་སླར་གསོ་བྱེད་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : ཚེ་རིང་།   སྤེལ་དུས། : 2020-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅༎ཀན་སུའུ་ཡི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁག་ཐེངས་དབྱེ་ནས་སློབ་འགོ་འཛུགས་པ་དང་སློབ་ཚན་སླར་གསོ་བྱེད་པ།

     ཟླ4ཚེས9ཉིན། ཀན་སུའུ་ཞིང་ཆེན་གྱི་མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་ལོ་རིམ་སློབ་འགོ་ཚུགས་ཡོད། མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་ལོ་རིམ་གཞན་དག་དང་དེ་བཞིན་དམའ་འབྲིང་དང་སློབ་ཆུང་ཚང་མ་ཟླ4ཚེས13ཉིན་སློབ་འགོ་འཛུགས་རྒྱུའི་གྲ་སྒྲིག་བྱས་ཡོད། ཀན་སུའུ་ཞིང་ཆེན་གྱི་མཐོ་སློབ་སློབ་ཐོན་ལོ་རིམ་ཟླ4ཚེས13ཉིན་སློབ་གྲྭར་ལོག་སྟེ་ཁྱོན་ཡོངས་སློབ་འགོ་ཚུགས་པའི་དུས་ཚོད་ཟླ4ཚེས20ཉིན་གྲ་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱེད་ཆོག་གི་ཡོད། བུ་བཅོལ་ཁང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་རིམས་ནད་མཇུག་འགྲིལ་རྗེས་སློབ་འགོ་འཛུགས་རྒྱུ་ཡིན་ཞིང་། འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་སློབ་འབྲིང་དང་པོའི་དགེ་རྒན་གྱིས་འབྱོར་ཐོ་འགོད་པར་ཡོང་བའི་མཐོ་འབྲིང་སློབ་ཐོན་ལོ་རིམ་གྱི་སློབ་མའི་རྡོག་ཁྲེས་ལ་དུག་སེལ་བྱེད་བཞིན་པ།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།