ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གིས་བབ་བཟང་ཐོན་ལས་གསོ་སྤེལ་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་བཏང་ནས་ཐོན་ལས་དབུལ་སྐྱོར་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཞིང་ལས་ཞིང་སྡེ་ཅུས་ཀྱི་མཐུན་སྦྱོར་དང་བརྩོན་ལེན་འོག་ཀན་སུའུ་ཞིང་ཆེན་གྱི་ཆིན་ཝང་ཁྲོན་ཞིང་ལས་ཚན་རྩལ་མཐོ་གསར་ཐོན་ལས་གསར་སྤེལ་དཔེ་སྟོན་གཞི་ས་བསང་ཆུ་མདའ་མེད་ཤང་ས་དཀར་དཀར་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ལ་རིན་ཐང་སྒོར་ཁྲི10ཡིན་པའི“ནུབ་རྒྱ་མཚོ་ཆེན་མོའི་ཞོག་ཁོག་གི་ས་བོན”མཁོ་འདོན་བྱས་པ་དང་། ཡུལ་དངོས་སུ་འདེབས་འཛུགས་ཁྱིམ་ཚང་ལ་འདེབས་འཛུགས་ལག་རྩལ་གྱི་གནད་འགག་འགྲེལ་བཤད་བྱས།

ཞོག་ཁོག་ལ་ཐན་པ་དང་། གྲང་ངར། ས་རྒྱུ་ཞན་པ་བཅས་འཕྲོད་པའི་ཁྱད་ཆོས་ལྡན་པས་ཁྱབ་ཁོངས་ཆེ་བ་དང་ཐོན་འཕར་གཞི་ཁྱོན་ཆེ་བ་དང་ལྷག་པར་དུ་མཐོ་གྲང་ས་ཁུལ་དུ་འདེབས་འཛུགས་བྱ་རྒྱུ་ནི་སྐབས་གསར་བའི་འདེབས་འཛུགས་སྒྲིག་གཞི་ལེགས་སྒྲིག་གི་ཕུགས་བསམ་གྱི་ཚབ་བྱེད་སྐྱེ་དངོས་ཀྱི་གྲས་ཤིག་ཡིན། ཞིང་ཆེན་ཆིན་ཝང་ཁྲོན་ཞིང་ལས་གཞི་ས་མདའ་མེད་ཤང་དུ་ཞོག་ཁོག་གི་འདེབས་འཛུགས་ཀྱི་དཔེ་སྟོན་གཞི་ས”བཙུགས་པ་དེ་ནི་ཞོག་ཁོག་ཐོན་ལས་གསར་སྤེལ་ལ་སྐུལ་འདེད་བཏང་ནས་ཞིང་ལས་འཕེལ་རྒྱས་ཀྱི་གཞོགས་འདེགས་ཀྱི་ནུས་པ་ཆེན་པོ་ཞིག་འདོན་སྤྲོད་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། བསང་ཆུ་རྫོང་ཞིང་ལས་ཞིང་སྡེ་ཅུས་ཀྱིས་ཞོག་ཁོག་འདེབས་འཛུགས་སྒྲིག་གཞི་ལེགས་སྒྲིག་གི་གཙོ་གནད་སྐྱེ་དངོས་ནང་བཅུག་ནས་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་གཏོང་བ་དང་། ཐོན་ལས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། འདེབས་འཛུགས་ལས་རིགས་རིགས་སྒྱུར་རིམ་སྤོར་ལ་རམ་འདེགས་བཅས་བྱས་ཏེ“མཉམ་ལས་ཁང་དང་། གཞི་ས། རོང་འབྲོག་ཁྱིམ་ཚང་བཅས་ཟུང་དུ་འབྲེལ་བའི”སྣེ་ཁྲིད་བྱ་ཐབས་ལ་བརྟེན་ནས་གནད་ཁེལ་དབུལ་སྐྱོར་ཁྱིམ་ཚང་དེ་བས་མང་བོ་ཐོན་འཕར་ཡོང་འཕར་ཡོང་རྒྱུར་རོགས་རམ་བྱས་ཏེ་བསང་ཆུ་རྫོང་གི་ཞིང་ལས་རྒྱུན་མཐུད་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ངེས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།