ཀྲུང་གོ་བོད་ཀྱི་དྲ་བ།

​གཙོད་གྲོང་ཁྱེར་གྱིས་སོན་བཟང་སྤྲད་དེ་དཔྱིད་རྨོད་ཐོན་སྐྱེད་ལ་རམ་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་གཙོད་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུའུ་ཡིས་ནས་དང་། པད་ཁ། ཞིང་སྨན། སྐྱེ་ལྡན་འབུ་ཕྲའི་ལུད་སོགས་དཔྱིད་རྨོའི་ཐོན་སྐྱེད་དངོས་རྫས་རིན་མེད་ངང་སྤྲད་པ་དང་། ལག་རྩལ་མཛུབ་ཁྲིད་སོགས་ཐབས་ལམ་སྣ་མང་སྤྱད་དེ་དཔྱིད་རྨོ་རྨོད་གྲབས་ལ་རམ་འདེགས་བྱས་པ་རེད།

 ཡུལ་དངོས་སུ་ལས་དོན་མི་སྣས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་དང་།  《ས་བོན་བཅའ་ཁྲིམས》 《ཀན་སུའུ་ཞིང་ཆེན་གྱི་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་སྲོལ་ཡིག》སོགས་དྲིལ་བསྒྲགས་དཔྱད་ཡིག1800ལྷག་ཙམ་སྤྲད་པ་དང་། མང་ཚོགས་མི་ཐེངས200ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་རེད།  ཁུལ་དང་གྲོང་ཁྱེར་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཆེད་མཁས་མི་སྣ་གདན་དྲངས་ནས་པད་ཁ་དང་ནས་ཀྱི་འདེབས་འཛུགས་ལག་རྩལ་དང་། ལུད་རྫས་སྤྱོད་སྟངས། ཞིང་སྨན་སྡེབ་ཚུལ། ས་བོན་འདེམས་ཚུལ། ཞིང་ས་དོ་དམ། ནད་དང་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ལག་རྩལ་ཁྲིད་ཅིང་འགྲེལ་བཤད་བརྒྱབ།  དུས་མཚུངས་སུ་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཐོན་རྫས་སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ཐད་ཤུགས་སྣོན་རྒྱག་ཆེད། ཞིང་ལས་ཁྲིམས་འཛིན་མི་སྣས་ས་བོན་གཉེར་སྐྱོང་ཁེ་ལས་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་གཉེར་སྐྱོང་ཁེ་ལས། ཞིང་འཕྲུལ་ལྷུ་ལག་གཉེར་སྐྱོང་ཚོང་ཁང་སོགས་ལ་ཞིབ་བཤེར་ནན་མོ་བྱས་ཤིང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁྲོམ་ར་ཇེ་ལེགས་སུ་བཏང་ནས་ས་བོན་དང་། ལུད་རྫས། ཞིང་སྤྱོད་འགྱིག་ཤོག ཞིང་སྨན་བཅས་མཁོ་སྤྲོད་བྱས་པས་གྲོང་ཁྱེར་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ལ་འགན་ལེན་བྱེད་ཐུབ་པ་བྱུང་།

 མིག་སྔའི་བར་གཙོད་གྲོང་ཁྱེར་གྱིས་སོན་བཟང་པད་ཁ་སྤྱི་རྒྱ400དང་། ཀན་སུའུ་དང་མཚོ་སྔོན་གྱི་ཨང9པའི་སོན་བཟང་སྤྱི་རྒྱ8460 ། ལུད་རྫས་སྤྱི་རྒྱ6300 ། སྐྱེ་ལྡན་ལུད་རྫས་སྤྱི་རྒྱ12800 ། ཞིང་སྨན་ཤེལ་དམ་663བཅས་སྤྲད་དེ་དཔྱིད་རྨོའི་ཐོན་སྐྱེད་ལ་ནུས་ལྡན་གྱི་དངོས་ཟོག་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།