གཙོས་གྲོང་ཁྱེར་སློབ་གྲྭའི་སློབ་ཁྲིད་སླར་གསོ་བྱས་རྗེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱའི་ཆེད་དོན་གསོ་སྦྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གཙོས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པ་གསུམ་གདན་དྲངས་ནས་སློབ་གྲྭའི་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱའི་ཆེད་དོན་གསོ་སྦྱོང་བྱས། གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཚན་ཁག་གི་ཁོངས་མི་དང་ཅུས་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། གྲོང་ཁྱེར་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང་དང་། བྱིས་གཉོར་ཁང་། བྱ་འགུལ་ལྟེ་གནས་བཅས་ཀྱི་འགན་ཁུར་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྐང་འཛིན་མི་སྣ་སོགས་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་བྱ་འགུལ་ནང་གཙོས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པས་རྒྱལ་ཁབ་འཕྲལ་སྒྲུབ་དོ་དམ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའིཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་དང་ཚོད་འཛིན་ཤེས་བྱའི་ལག་དེབདང་ཟུང་འབྲེལ་བྱས་ནས། སློབ་གྲྭའི་སློབ་ཁྲིད་སླར་གསོ་བྱས་རྗེས་ཀྱི་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་བརྒྱུད་རིམ་ཞིབ་ཕྲ་དང་སློབ་གྲྭ་དང་བྱིས་གཉོར་ཁང་། མི་སྒེར་གྱི་འགོག་སྲུང་དང་དུག་སེལ་ལག་རྩལ་སོགས་ཀྱི་གནད་དོན་ཐད་གསོ་སྦྱོང་ལ་ཞུགས་མཁན་ཚང་མ་དང་སྤེལ་རེས་བྱས་ནས་ཚང་མར་ཕན་པ་ཆེན་པོ་ཐོབ། ཚང་མས་ཐེངས་འདིའི་གསོ་སྦྱོང་དང་སློབ་སྦྱོང་བྱས་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ཁྲོད་ཁྱབ་པར་བྱས་ནས་སློབ་གྲྭའི་ནང་མཆེད་རྒྱུ་བཀག་འགོག་བྱས་ཏེ་དགེ་སློབ་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ལ་འགན་ལེན་བྱ་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཉིན་དེར་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་དག་ལ་སྨན་སྤྱོད་ཆང་བཅུད་དང 84ཞེས་པའི་དུག་སེལ་གཤེར་ཁུ་ཧྲེང 1550སྤྲད་པ་དང་། རིམ་རྩིས་བྱས་ན་མིག་སྔར་དུག་སེལ་གཤེར་ཁུ་རིགས་སྣ་ཚོགས་ཧྲེང 6000དང་། རླངས་གཏོར་ཡོ་བྱད་སྣ་ཚོགས 60སྨན་སྤྱོད་ཁ་འཐུམ 2000བཅས་སྤྲད།

གཙོས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཞིང་ཆེན་དང་། ཁུལ། གྲོང་ཁྱེར་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ཚོགས་འདུ་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་ནན་དུ་གཞིགས་ནསགཙོས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ཚད་གཞིདང་། གཙོས་གྲོང་ཁྱེར་སློབ་གསོའི་ཁོངས་གཏོགས་ཀྱི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ལག་དེབདགེ་རྒན་དང་སློབ་མ་ཕྱིར་ལོག་པའི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོབཅས་བཟོས་ནས་པར་འགྲེམ་བྱས་ཤིང་། དེ་དང་ཆབས་ཅིག་སྐད་འཕྲིན་ཚོགས་པ་དང QQཚོགས་པ་སོགས་ཀྱི་སྟེགས་བུ་སྤྱད་དེ་རིམས་ནད་སྔོན་བརྡ་དང་། སྤྱི་བའི་འཕྲོད་བསྟེན་ཤེས་བྱ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཆ་འཕྲིན་བཅས་དྲིལ་བསྒྲགས་བྱས་པ་དང་། རྒྱ་ཆེའི་དགེ་སློབ་དང་སློབ་མའི་ཁྱིམ་བདག་གིས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བརྒྱུད་སྤེལ་མི་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།