ཀྲུང་གོ་བོད་ཀྱི་དྲ་བ།

ཏུན་ཧོང་གནམ་གྲུ་ཐང་གིས་མཁའ་ལམ7སླར་གསོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༣༣རབ.jpg

timg.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཏུན་ཧོང་གནམ་གྲུ་ཐང་གིས་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་སྨིན་རིགས་དབྱེ་དོ་དམ། ནང་ཁུལ་གྱི་སྔོན་འགོག་ཚོད་འཛིན་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཏུན་ཧོང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁའ་ཐོག་བགྲོད་ལམ་མཐའ་གཅིག་ཏུ་སྲུང་བ་རེད། མིག་སྔར་ཏུན་ཧོང་གནམ་གྲུ་ཐང་གིས་ལན་ཀྲོའུ་དང་། ཞི་ཨན། ཧྲང་ཧའེ། ཀོང་ཀྲོའུ། ཁྲེང་ཏུའུ། ཧང་ཀྲོའུ། ཧྭ་ཐུའུ་ཀོའུ་བཅས་ཀྱི་མཁའ་ལམ7རིམ་བཞིན་སླར་གསོ་བྱས་ཡོད། 

རིམས་ནད་ནང་འདྲེན་ལ་སྔོན་འགོག་བྱ་ཆེད། ཏུན་ཧོང་གནམ་གྲུ་ཐང་གིས་ནང་དུ་ཡོང་མཁན་འགྲུལ་པའི་ལུས་དྲོད་བཤེར་འཇལ་ལ་བསྐྱར་ཞིབ་ཐེངས་གཉིས་བྱེད་པ་དང་། ཕྱིར་བསྐྱོད་འགྲུལ་པའི་ལུས་དྲོད་བཤེར་འཇལ་ལ་བསྐྱར་ཞིབ་ཐེངས་གཉིས་བྱེད་པ། ལས་བཟོ་བ་ལས་གནས་ཐོག་བསྐྱོད་པར་ལུས་དྲོད་བཤེར་འཇལ་ལ་བསྐྱར་ཞིབ་ཐེངས་གཉིས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་རེད། 

ས.jpg

ཏུན་ཧོང་གནམ་གྲུ་ཐང་གི་སྤྱི་གཉེར་པ་གཞོན་པ་ཀྲོང་ཧྲེན་ཧའེ་ཡིས“མིག་སྔར་མཁའ་ལམ7སླར་གསོ་བྱས་ཡོད་ཅིང་། རྗེས་མར་ཏུན་ཧོང་གནམ་གྲུ་ཐང་གིས་མཁའ་འགྲུལ་ཀུང་སི་ཁག་དང་སྔར་བས་མཐུན་སྦྱོར་སྤེལ་རེས་བྱས་ཏེ་མཁའ་ལམ་གཞན་དག་རིམ་བཞིན་སླར་གསོ་བྱ་རྒྱུ་ཡིན་པ་རེད། གཞན་ཡང་ཏུན་ཧོང་གནམ་གྲུ་ཐང་གིས་ལས་ཀའི་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་ལས་དོན་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཉིས་ཀ་འཐུས་ཤོར་མི་འགྲོ་བ་དང་། གཉིས་ཀར་སྐུལ་འདེད་གཏོང་བ། གཉིས་ཀ་མཐོར་འདེགས་སུ་གཏོང་བ་བཅས་བྱ་རྒྱུ་ཡིན”ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།