ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས7ཉིན་ཀན་སུའུ་རུ་ནང་འདྲེན་ཅན་གྱི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་གསར་བ1གིས་མང་དུ་ཕྱིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས7ཉིན་ཀན་སུའུ་ཞིང་ཆེན་དུ་ནང་འདྲེན་ཅན་གྱི་ནད་པ1མང་དུ་ཕྱིན་ལ།   ད་ལྟ་ཞིང་ཆེན་རིམ་པའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱས་པས་ནད་གཞི་བརྟན་པོ་ཡོང་ཡོད། བསྡོམས་རྩིས་སྙན་ཞུ་ལྟར་ན་ཀན་སུའུ་རུ་ཏོག་གསར་གློ་ཚད་ཀྱི་ནང་འདྲེན་ཅན་གྱི་ནད་པ29ཡོད་ལ།  མིག་སྔར་མངའ་ཁོངས་ཕྱི་རོལ་ནས་ཐོན་པའི་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི282ཡོད་ཅིང་།   དེའི་ནང་མི61ཞིང་ཆེན་རིམ་པའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་ལ། མི221གཅིག་སྡུད་ལོགས་སུ་བཀར་ཡུལ་དུ་ལོགས་སུ་བཀར་ནས་གསོ་རིག་ཞིབ་དཔྱད་ཚད་ལེན་དང་ཞིབ་བཤེར་བྱེད་བཞིན་ཡོད།

ཟླ3པའི་ཚེས7ཉིན་གྱི་ཆུ་ཚོད20བར། ཀན་སུའུ་རང་ས་ནས་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ་གསར་བ་བྱུང་མེད།    མིག་སྔའི་ཚུན་དུ་རིམ་རྩིས་སྙན་ཞུ་ལྟར་ན་ཀན་སུའུ་རུ་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ91ཡོད་ལ།  དེའི་ཁྲོད་ཚེ་ལས་འདས་པ2དང་སྨན་ཁང་ནས་སྒོར་བུད་པའི་ནད་པ87ཡོད། ནད་པ2ད་དུང་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད། དེའི་ནང་ལན་ཀྲོའུ་གྲོང་ཁྱེར་དུ་ནད་པ1དང་ཏིན་ཞི་གྲོང་ཁྱེར་དུ་ནད་པ1བཅས་ཡོད།

ཀན་སུའུ་རང་ས་ན་དོགས་ཡོད་ནད་གཞིའི་ནད་པ་མེད། མིག་སྔར་བསྡོམས་རྩིས་བྱས་ན་ཞིང་ཆེན་ཡོངས་སུ་འབྲེལ་འདྲིས་དམ་ཟབ་བྱས་ཡོད་པའི་མི4337ཡོད་པ་དང་།   སྨན་བཅོས་ཚན་ཁག་གིས་མི4266ལ་ལྟ་ཞིབ་བྱས་ཟིན་པ་དང་མི71ལ་ལྟ་ཞིབ་བྱེད་བཞིན་པའི་སྒང་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།