ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས5ཉིན་ཀན་སུའུ་རུ་ནང་འདྲེན་ཅན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་དཔེ་གསར་བ11མང་དུ་ཕྱིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས5ཉིན་གྱི་ཆུ་ཚོད20བར། ཀན་སུའུ་ཞིང་ཆེན་རང་སར་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ་གསར་བ་བྱུང་མེད་ལ།   མིག་སྔའི་ཚུན་དུ་ཀན་སུའུ་རུ་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ91ཡོད་ཅིང་།  དེའི་ཁྲོད་ཚེ་ལས་འདས་པ2དང་སྨན་ཁང་ནས་སྒོར་བུད་པའི་ནད་དཔེ87ཡོད། ནད་དཔེ2ད་དུང་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད། དེའི་ནང་ལན་ཀྲོའུ་གྲོང་ཁྱེར་དུ་ནད་དཔེ1དང་ཏིན་ཞི་གྲོང་ཁྱེར་དུ་ནད་དཔེ1བཅས་ཡོད།

ཀན་སུའུ་ཞིང་ཆེན་དུ་མིག་སྔར་དོགས་ཡོད་ནད་དཔེ་མེད་ཅིང་། བསྡོམས་རྩིས་བྱས་ན་ཞིང་ཆེན་ཡོངས་སུ་འབྲེལ་འདྲིས་དམ་ཟབ་བྱས་ཡོད་པའི་མི4337ཡོད་པ་དང་།   སྨན་བཅོས་ཚན་ཁག་གིས་མི4259ལ་ལྟ་ཞིབ་བྱས་ཟིན་པ་དང་མི78ལ་ལྟ་ཞིབ་བྱེད་བཞིན་པའི་སྒང་རེད།

ཟླ3པའི་ཚེས2ཉིན་གྱི་ཆུ་ཚོད20ནས་ཟླ3པའི་ཚེས5ཉིན་གྱི་ཆུ་ཚོད20བར །  མི311ཚོང་ལས་གནམ་གྲུར་བསྡད་དེ་དབྱི་རན་ནས་ལན་ཀྲོའུ་རུ་འབྱོར་བ་དང་ཚང་མ་ལོགས་སུ་བཀར་ཡོད། ཟླ3པའི་ཚེས5ཉིན་ནང་འདྲེན་ཅན་གྱི་ནད་པ11མང་དུ་ཕྱིན།   ད་ལྟ་ཞིང་ཆེན་རིམ་པའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱས་པས་ནད་གཞི་བརྟན་པོ་ཡོད།  མངའ་ཁོངས་ཕྱི་རོལ་ནས་ཐོན་པའི་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི300ཡིས་མང་དུ་ཕྱིན་པ་དང་།   དེ་ལས་མི38ཞིང་ཆེན་རིམ་པའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་ལོགས་སུ་བཀར་བ་དང་མི262གཅིག་སྡུད་དུ་ལོགས་སུ་བཀར་ནས་སྨན་བཅོས་བརྟག་དཔྱད་དང་ཞིབ་བཤེར་བྱེད་བཞིན་ཡོད།།    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།