ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་དང་འབྲུག་ཆུ་རྫོང་གི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དངོས་སུ་ཆོག་མཆན་ཐོབ་པ་དང་།ཀན་སུའུ་ཞིང་ཆེན་ཝུའེ་ཡོན་རྫོང་སོགས་རྫོང་དང་ཆུས31ནི་རྫོང་དབུལ་བོ་ནས་ཕྱིར་འཐེན་བྱེད་པའི་ཆ་རྐྱེན་དང་འཚམ་པས། རྫོང་དབུལ་བོ་ནས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་སྤྲད།

བརྡ་ཐོ་ལས་བསྟན་དོན།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《དབུལ་ཐར་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་དང《ཀན་སུའུ་ཞིང་ཆེན་གྱི་གནད་ཁེལ་དབུལ་སྐྱོར་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་དང་གཏན་ཁེལ་བྱ་རིམ》དང《ཀན་སུའུ་ཞིང་ཆེན་གྱི2019ལོའི་ལོ་འཁོར་གྱི་རྫོང་དབུལ་བོའི་ཞྭ་མོ་ཕུད་པའི་ཞིབ་བཤེར་རྩིས་ལེན་གྱི་བྱ་བའི་ཇུས་གཞིའི》འབྲེལ་ཡོད་གཏན་འབེབས་ཀྱི་བླང་བྱ་གཞིར་བཟུང་། རྫོང་རིམ་པའི་རང་དཔྱད་དང་། གྲོང་ཁྱེར་རིམ་པའི་ཐོག་མའི་ཞིབ་བཤེར། ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན། ཕྱོགས་གསུམ་པའི་དཔྱད་དཔོག་ཞིབ་བཤེར་བཅས་བྱས་པ་མ་ཟད། ཞིང་ཆེན་གྱི་རྫོང་དབུལ་བོ་ནས་ཕྱིར་འཐེན་བྱས་པའི་ཞིབ་བཤེར་རྩིས་ལེན་བྱ་བའི་ཚན་ཆུང་གིས་ཞིབ་བཤེར་གཏན་འབེབས་དང་ཡོངས་བསྒྲགས་སྤྱི་བསྒྲགས་བྱས་པ་བརྒྱུད། ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་འགོ་ཁྲིད་ཚན་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས། ཀུའུ་ལང་རྫོང་། དཔའ་རིས་རྫོང་། ཅིན་ཡོན་རྫོང་། ཧུའེ་ཉིང་རྫོང་། ཆིན་ཀྲོའུ་ཆུས། མའེ་ཅི་ཆུས། ཆིན་ཨན་རྫོང་། ཆུ་སྔོ་རྫོང་། ཀྲང་ཅ་ཁྲོན་རྫོང་། ཀྲོང་ལང་རྫོང་། ཅིང་ཉིང་རྫོང་། ཆིང་ཁྲེང་རྫོང་། ཉིང་རྫོང་། ཧན་རྫོང་། ཧྭ་ཁྲི་རྫོང་། ཧོ་ཧྲུའེ་རྫོང་། ཨན་ཏིན་ཆུས། ལུང་ཞི་རྫོང་། ཝེ་ཡོན་རྫོང་། ལིན་ཐའོ་རྫོང་། ཀྲང་རྫོང་། ཝུའུ་ཏུའུ་ཆུས། ཝུན་རྫོང་། ཁང་རྫོང་། ལིན་ཐན་རྫོང་། འབྲུག་ཆུ་རྫོང་། ཡུང་ཅིན་རྫོང་། ཧོ་ཀྲེང་རྫོང་། ཀོང་ཧོ་རྫོང་། ཅི་ཧྲི་ཧྲན་རྫོང་། ཁང་ལེ་རྫོང་བཅས་ནི་དབུལ་ཕོངས་རྫོང་ལས་ཕྱིར་འབུད་པའི་ཆ་རྐྱེན་དང་མཐུན་པས། ད་ལྟ་ཕྱིར་འབུད་པའི་ཆོག་མཆན་སྤྲད།

བརྡ་ཐོ་ལས། གོང་གསལ་གྱི་རྫོང་དང་ཆུས31ཕྱིར་འཐེན་བྱས་རྗེས་མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ཁག་དམ་འཛིན་ཡག་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཕར་རྒོལ་གྱི་རྣམ་པ་འཛིན་པ་ལས། ལྷོད་གཡེང་དང་སྣང་ཆུང་ཁུར་མེད་བྱེད་མི་ཉན། ལྷག་ཡོད་པའི་མི་འབོར་དབུལ་བོ་རྣམས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་ཐར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ལྷག་པར་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་གསར་བ་ཁྱད་གསོད་བྱ་གང་ཐུབ་བྱེད་པ་དང་། འགག་ཐར་གྱི་བྱ་བ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་མོ་བཅས་བྱས་ནས་རང་རེའི་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ཁྱོན་ཡོངས་ནས་མཇུག་བསྡུ་བའི་འགན་ལེན་བྱ་དགོས། དབུལ་ཐར་མཁྲེགས་གཏོར་སྐབས་དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་འདོར་བ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མི་འདོར་བ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་མི་འདོར་བ། དབུལ་ཞྭ་ཕུད་ཀྱང་ལྟ་སྐུལ་དོ་དམ་མི་འདོར་བ་བཅས་བྱས་ནས་དབུལ་ཐར་བརྟན་པོ་དང་རྒྱུན་མཐུད་ཐུབ་པའི་འགན་ལེན་བྱ་དགོས། མུ་མཐུད་དུ་དབུལ་སྐྱོར་དཔྱད་ཞིབ་དཔྱད་དཔོག་ཧ་ཅང་ནན་མོ་བྱེད་པ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱ་དགོས་པའི་རེ་བ་བཏོན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།