ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས2ཉིན་ཀན་སུའུ་རུ་ཏོག་གསར་གློ་ཚད་འགོས་པའི་ནད་དཔེ་གསར་བ་བྱུང་མེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན་གྱི་ཆུ་ཚོད20བར། ཀན་སུའུ་རུ་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ་གསར་བ་མེད་པ་དང་། མིག་སྔའི་ཚུན་དུ་ཀན་སུའུ་རུ་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ91ཡོད་ལ།  དེའི་ཁྲོད་ཚེ་ལས་འདས་པ2དང་སྨན་ཁང་ནས་སྒོར་བུད་པའི་ནད་དཔེ85ཡོད། ནད་དཔེ4ད་དུང་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད། དེའི་ནང་ལན་ཀྲོའུ་གྲོང་ཁྱེར་དུ་ནད་དཔེ1དང་ཕིན་ལིའང་གྲོང་ཁྱེར་དུ་ནད་དཔེ1།  ཏིན་ཞི་གྲོང་ཁྱེར་དུ་ནད་དཔེ1།  ཆིན་དབྱང་གྲོང་ཁྱེར་དུ་ནད་དཔེ1བཅས་ཡོད།  ནད་གཞི་ཚབས་ཆེན་ཕོག་པའི་ནད་དཔེ1ཡོད།

ཀན་སུའུ་ཞིང་ཆེན་དུ་མིག་སྔར་དོགས་ཡོད་ནད་དཔེ་མེད་ཅིང་། བསྡོམས་རྩིས་བྱས་ན་ཞིང་ཆེན་ཡོངས་སུ་འབྲེལ་འདྲིས་དམ་ཟབ་བྱས་ཡོད་པའི་མི4335ཡོད་པ་དང་།   སྨན་བཅོས་ཚན་ཁག་གིས་མི4170ལ་ལྟ་ཞིབ་བྱས་ཟིན་པ་དང་མི165ལ་ལྟ་ཞིབ་བྱེད་བཞིན་པའི་སྒང་རེད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།