འབྲུག་ཆུ་རྫོང་གིས་རིན་ཐང་སྒོར་ཁྲི100ཡི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཞལ་འདེབས་ཕུལ་ནས་ཝུའུ་ཧན་གྱི་རིམས་ནད་འགོག་རྒོལ་ལ་རོགས་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན་གྱི་ཕྱི་དྲོར།  རིན་ཐང་སྒོར་ཁྲི100ཡི་འབྲུག་ཆུའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དྲུད་ཡོད་པའི་སྐྱེལ་འདྲེན་རླངས་འཁོར་འབྲུག་ཆུ་དང་ཁ་བྲལ་ནས་ཉིན་མཚན་དབྱེར་མེད་དུ་ལམ་ལ་ཆས་ཏེ། ལེ་དབར་སྟོང་གི་སར་ཡོད་པའི་ཝུའུ་ཧན་དུ་བསྐྱོད་ནས་འཐབ་སའི་མདུན་མ་རུ་འབད་འཐབ་བྱེད་བཞིན་པའི་གོས་དཀར་ལྷ་རྗེ་དང་འཐབ་འཛིང་དཔའ་བོ་ཚོར་འབྲུག་ཆུའི་མི་དམངས་ཀྱི་དྲིན་ཚོར་གྱི་བརྩེ་སེམས་མཚོན་པར་བྱས།

ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་སྟེ། ཝུའུ་ཧན་གྱི་གནས་བབ་ལ་འབྲུག་ཆུའི་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། འབྲུག་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་ལ་སྐུལ་འདེད་གཏོང་བའི་དུས་མཚུངས་སུ། རིན་ཐང་སྒོར་ཁྲི100ཡི་ཤ་བསྙལ་མ་དང་། སྦྲང་རྩིའི་སྟར་ཀའི་ནང་སྙིང་། སྟར་ཀ། ཨ་མྲའི་བག་ལེབ། སྦྲང་རྩི། མོག་རོ། ཨ་བྱག་སེར་པོ་སོགས་འབྲུག་ཆུའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཞལ་འདེབས་སུ་ཕུལ་ཏེ། ཝུའུ་ཧན་གྱི་རིམས་ནད་འགོག་རྒོལ་གྱི་ལས་ཐོག་དང་བོའི་བྱ་བྱེད་མི་སྣ་དང་ཀན་སུའུ་ཡི་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་འཚོ་བའི་མཁོ་ཆས་འདོན་སྤྲོད་བྱེད་པར་རོགས་སྐྱོར་བྱས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།