ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་གཞི་རིམ་གྱི་རིམས་ནད་སྔོན་འགོག་གནས་ཚུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་དམག་འཐབ་འགོ་ཚུགས་པ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་སྲིད་གཞུང་སྡེ་ཚན་གྱིས“རིམས་ནད་ནི་བཀའ་རྒྱ་ཡིན་པ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན་པའི”སྤྱིའི་ལས་དོན་གྱི་བླང་བྱ་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ལས་གནས་བརྟན་སྲུང་དང་། ཡུལ་དངོས་སུ་བཀོད་འདོམས་བྱེད་པ། འགོག་སྲུང་ཡུལ་དངོས་སུ་གདོང་མཆོང་བྱེད་པ་བཅས་ཀྱི་ཐོག་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་ཐང་བསྲུངས་ནས་ནད་ཡམས་ལས་རྒྱལ་བར་རེ་སྒུག་བྱས་ཡོད།

image001.jpg

འདི་ནི་ལས་རེས་བྱེད་གནས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་གཞི་རིམ་གྱི་ལས་བྱེད་པ་ཡིན།

image002.jpg

སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་གཞི་རིམ་ལས་བྱེད་པས་ཉིན་མཚན་མེད་པར་ཞིབ་བཤེར་བྱེད་གནས་སུ་ལས་དོན་སྒྲུབ་བཞིན་པ།  

image003.jpg

གཞི་རིམ་ལས་བྱེད་པས་བོད་རྒྱ་སྐད་གཉིས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བདེ་ཐང་ལག་དེབ་སྤྲོད་བཞིན་པ།

ཉིན་ཤས་རིང་། ཤང་གྲོང་ཁག་གི་རུ་ཁག་འགན་གཙང་ལེན་ལས་བྱེད་པས་སྣེ་ཁྲིད་དེ་གྲོང་ཚོ(གྲོང་ལྷན)རུ་འབྱོར་ཐོ་འགོད་པ་དང་། མི་གསུམ་གྱིས་གྲུབ་པའི་ཚོགས་ཆུང་གྲོང་ཚོ་ཁག་ཏུ་བཅར་འདྲི་བྱེད་པར་བསྐྱོད་པ་རེད། དུད་ཚང་རེ་རེ་བཞིན་འབྲེལ་ཡོད་ཉེན་ཁ་གྲལ་བཤེར་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་ལས་དོན་ཤུགས་ཆེན་སྤེལ་བ། མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྔོན་འགོག་བྱེད་ཐབས་ཞིབ་ཕྲ་གསལ་བཤད་བྱེད་པ། མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་དང་བླང་བྱ་གསལ་བཤད་བྱེད་པ། རྒྱ་ཆེའི་མང་ཚོགས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་དང་ལུགས་མཐུན་ངང་ཁ་གཏད་གཅོག་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། རང་ངོས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ། སྔོན་འགོག་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད། ཕྱིར་ཕ་ཡུལ་དུ་ལོག་མཁན་དང་ལྷག་པར་དུ་ལམ་བར་དུ་ཝུའུ་ཧན་བརྒྱུད་ཕ་ཡུལ་དུ་ལོག་མཁན་ལ་མུ་མཐུད་དུ་གྲལ་བཤེར་བྱེད་པ་དང་གྲལ་བཤེར་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས“མི་རེར་ཡིག་ཚགས་རེའི”བྱེད་ཐབས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་སྟེ་དུད་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པ་མཐའ་འཁྱོངས་བྱས།

image004.jpg

ཤང་གྲོང་འཕྲོད་བསྟེན་བདེ་ཐང་སྡེ་ཚན་དང་གཞི་རིམ་ལས་བྱེད་པ་གྲོང་མིའི་སྡོད་ཁང་དུ་བསྐྱོད་ནས་ཕྱིར་ལོག་མི་སྣར་གྲལ་བཤེར་བྱེད་བཞིན་པ།

གྲལ་བཤེར་བྱས་པ་བརྒྱུད་ཞིང་ཆེན་ཕྱི་ནས་ཕ་ཡུལ་དུ་ལོག་མཁན་དང་དེ་བཞིན་གཙོ་གནད་མི་སྣ་གཞན་དག་ཁྱིམ་དུ་ལོགས་སུ་བཀར་ནས་ཤང་དང་གྲོང་རྡལ་ཁག་གིས་གྲོང་ཚོ་འགན་གཙང་ལེན་གྱི་འགོ་ཁྲིད་ཀྱིས་རུ་སྣེ་འཁྲིད་པ་དང་། རུ་ཁག་འགན་གཙང་ལེན་ལས་བྱེད་པ་དང་། བདེ་ཐང་ཆེད་ལས་ལས་བྱེད་པ། བདེ་ཐང་སྨན་པ་བཅས་ཀྱིས་ཉིན་ལྟར་ལུས་དྲོད་བརྟག་དཔྱད་ཚད་ལེན་དང་འཕྲོད་བསྟེན་དུག་སེལ་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད། མང་ཚོགས་ལ་རིམས་ནད་ཐོན་རིང་ཕྱིར་མི་སྐྱོད་པ་དང་། ཕྱི་མི་དང་འབྲེལ་གཏུག་མི་བྱེད་པ། ལག་པ་བཀྲུ་བ། ཁ་དབུགས་བརྗེ་པ། ཁྱིམ་ཚང་ནང་གི་གཙང་སྦྲ་ཡག་པོ་བྱེད་པ་བཅས་ཀྱི་དྲིལ་བསྒྲགས་དང་དར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་རེད།

image005.jpg

བདེ་ཐང་སྨན་པ་ཉིན་ལྟར་དུད་ཚང་དུ་བསྐྱོད་དེ་ལུས་དྲོད་ཞིབ་དཔྱད་ཚད་ལེན་དང་འཕྲོད་བསྟེན་དུག་སེལ་བྱེད་བཞིན་པ།

image006.jpg

སྡེ་ཁུལ་དང་ཞིང་འབྲོག་ནི་རིམས་ནད་མཉམ་འགོག་མཉམ་བཅོས་ཀྱི་འཐབ་ཕྱོགས་དང་པོ་ཡིན་ལ། ཕྱི་འགོག་ནང་འདྲེན་དང་ནང་འགོག་ཁྱབ་འགྱེད་ནུས་ལྡན་གྱི་འགོག་སྲུང་འཛིང་རགས་ཤིག་ཀྱང་ཡིན། ཀན་ལྷོའི་ཞིང་འབྲོག་མང་ཚོགས་ཀྱིས་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱར་གཞོགས་འདེགས་ཧུར་ཐག་བྱས་ནས་སྡེ་ཁུལ་དང་ཞིང་འབྲོག་གྲོང་ཚོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་བཀག་འགོག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་གཞི་རིམ་དུ་ཁྱབ་པ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྡེ་ཁུལ་དང་ཞིང་འབྲོག་གྲོང་ཚོ་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲ་ཞིང་བརྟན་པའི་མཁར་རྫོང་ཞིག་ཏུ་འགྱུར་བར་བྱས་ཡོད།

image007.jpg

ཞིང་འབྲོག་མང་ཚོགས་ཀྱིས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་མཛུབ་ཁྲིད་འོག་འགྲིམ་འགྲུལ་འགག་གནད་ཞིབ་བཤེར་ས་ཚིགས་བཙུགས་ནས་འགྲོ་འོང་བྱེད་མཁན་དང་རླངས་འཁོར་ཐོ་འགོད་དང་བདེ་ཐང་གི་ལུས་རྟགས་ཞིབ་དཔྱད་ཚད་ལེན་བྱེད་པ།

ཟླ2པའི་ཚེས24ཉིན་བར་དུ། ཀན་ལྷོའི་ནད་པ8ཚང་མ་སྨན་ཁང་ལས་བུད་པ་དང་། སྨན་བཅོས་ཐུབ་ཚད་བརྒྱ་ཆའི100ལ་སླེབས་ཡོད། ཏོག་གསར་གློ་ཚད་ཀྱི་ནད་པ་དང་དོགས་ཡོད་ནད་པ་ཚང་མ་ནད་ལས་གྲོལ་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།