ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་ཏོག་གསར་གློ་ཚད་རིམས་ནད་དང་ནད་རྟགས་འདྲ་བའི་ནད་པ་རྗེས་མ་དེ་སྨན་ཁང་ནས་བུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས19ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣས་གསོ་བཅོས་བརྒྱུད་མཐར། གཙོས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་དང་ནད་རྟགས་འདྲ་བའི་ནད་པ་རྗེས་མ་དེ་ལུས་ཁམས་གསོས་ཏེ། ཞིང་ཆེན་དང་ཁུལ་རིམ་པའི་སྨན་པ་ཆེད་མཁས་ཚོགས་པས་གྲོས་མོལ་བྱས་པ་དང་ནད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི 《ཏོག་གསར་གློ་ཚད་རིམས་ནད་ཀྱི་བཅོས་ཐབས》〔ཚོད་ལྟའི་ལག་བསྟར་པར་གཞི་ལྔ་བ〕ཁྲོད་ཀྱི་སྨན་ཁང་ནས་སྒོར་འབུད་པའི་ཚད་གཞི་དང་མཐུན་པས་སྨན་ཁང་ནས་བུད།

ད་ལྟའི་བར་དུ་ཀན་ལྷོ་ཁུལ་དུ་ཏོག་གསར་ནད་དཔེ8བྱུང་བ་ལས་ནད་པ4སངས་དྲག་བྱུང་ནས་སྨན་ཁང་ནས་བུད་པ་དང་།  ནད་རྟགས་འདྲ་བའི་ནད་པ་མེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།