ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་ཚོང་རའི་ལྟ་སྐུལ་ཅུའུ་ཡིས་རམས་འདེགས་བྱས་ཏེ་འཐབ་ས་དང་བོའི་རིམས་འགོག་མི་སྣར་གཅེས་སེམས་ཕུལ་བ།

ཡོང་ཁུངས། : མདོ་ལྷོའི་དྲ་བ།     སྤེལ་དུས། : 2020-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེ་སྲོག་གི་རིན་ཐང་གཙུག་ཏུ་བཟུང་ཞིང་ནད་ཡམས་སྔོན་འགོག་བྱ་བའི་འགན་ཁུར་དང་དུ་བླངས་ཏེ། ཀན་ལྷོ་ཁུལ་བསང་ཆུ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་དང་གངས་ཆབ་ཟེགས་མ་དགའ་བདེ་གླིང་གཉིས་ཀྱིས་ནད་ཡམས་སྔོན་འགོག་གི་དུས་སུ་སྔོན་འགོག་བྱ་བའི་གདོང་ལེན་མི་སྣ་དང་ས་ཚིགས་དོ་དམ་འགན་སྲུང་བ་བཅས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག   བསང་ཆུ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་དང་རོགས་འདེགས་འོག   གངས་ཆབ་ཟེགས་མ་དགའ་བདེ་གླིང་དང་གྲོགས་པོ་རེ་ཟུང་གི་རོགས་རམ་དང་རྒྱབ་སྐྱོར་ཧུར་བརྩོན་ལ་བརྟེན་ནས། སྤྱི་ཟླ2ཚེས16ནས་བསྟུད་མར་ཉིན་གསུམ་རིང་སྐབས་སྤྱོད་ཕོར་ཟས1000ལྷག་དང་སིལ་ཏོག་སོགས་བསང་ཆུ་རྫོང་གི་ནད་ཡམས་སྔོན་འགོག་ས་ཚིགས་རེ་རེ་དང་སྨན་ཁང་། བཀག་སྡོད་ནད་པའི་སྨན་པ་སོགས་གཙོས་འགོག་སྲུང་བྱ་བའི་མི་སྣ་ཡོངས་ལ་སེམས་མཚོན་གྱི་ཟས་ཐུན་དྲོན་པོ་རེ་ཐད་བསྐྱལ་བྱས་ཏེ། སྤྱིར་བཏང་གི་ཚོང་གཉེར་མི་སྣ་ཞིག་གི་བརྩེ་སེམས་དྲོན་པོ་དང་ལག་ཟུང་གི་སྐྱོར་མའི་རོགས་རམ་བྱས། ད་དུང་མུ་མཐུད་དུ་འདི་ལྟར་སྔར་བཞིན་རང་ནུས་ཅི་ལྕོགས་ཀྱིས་བརྩེ་སེམས་དྲོན་པོ་ཞིག་གི་རང་མདངས་འཁྱེར་ཡོང་ལ། མཉམ་དུ་ནད་ཡམས་སྔོན་འགོག་གི་བྱ་བར་གདོང་ལེན་ཅི་ནུས་ཀྱིས་ཞུགས་རྒྱུའི་བསམ་ཚུལ་བསྟན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།