ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་བཞི་བ་ལམ་ལ་ཆས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2ཚེས16ཉིན་གྱི་ཕྱི་དྲོར། ཀན་སུའུ་ཞིང་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ཁག་བཞི་བ་ལན་ཀྲོའུ་ནས་འཛོམས་རྗེས་དངོས་སུ་ལམ་ལ་ཆས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་སུང་ལེང་གིས་དར་ཆ་གནང་བ་དང་འབྲེལ་སྐུལ་སློང་གི་གཏམ་བཤད་བྱས། ཧྲིན་ཀྲང་གཞོན་པ་ཞིང་ཆེན་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧོ་ཝུའེ་ཡིས་ལམ་ལ་ཆས་པའི་མཛད་སྒོར་མདོ་འཛིན་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། སྨན་བཅོས་རུ་ཁག་ཁག་བཞི་བ་དེ་གྲོང་ཁྱེར་དང་ཁུལ9ཡི་སྨན་བཅོས་སྡེ་ཁག45ནས་འདེམས་ཐོན་བྱུང་ནས་མངགས་པའི་དབུགས་འབྱིན་རྔུབ་དང་། ནད་གཞི་ལྕི་བ། འགོས་ནད་སོགས་ཆེད་ལས་མི་སྣས་གྲུབ་ཅིང་། དེའི་ཁྲོད་དུ་སྨན་པ32དང་སྨན་གཡོག80ཡོད། ལོ་ན་ཆུང་ཤོས་ནི་ལོ22དང་། ལོ་ཆེ་ཤོས་ནི57ཡིན།

ཚོགས་མི112ཀྱིས་བླ་ན་མེད་པའི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་སེམས་ལ་བཅངས་ཏེ་ཧུའུ་པེར་བསྐྱོད་པ་དང་། ཀན་སུའུ་ཧུའུ་པེར་རོགས་སྐྱོར་སྨན་བཅོས་རུ་ཁག་གི་ཚོགས་གཙོ་དང་། ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གི་འགོ་གཙོ་གཞོན་པ་དབྱང་ལན་ཀྱིས་ཚོགས་མི་ཡོངས་ཀྱི་ཚབ་བྱས་ནས་གཏམ་བཤད། “ད་ཐེངས་ལམ་ལ་ཆས་པའི་དུས་ཚོད་ཐུང་ལ་ལས་འགན་ལྕི་ནའང་ང་ཚོས་གྲ་སྒྲིག་གང་ལེགས་བྱས་ཡོད། ང་ནི་ནད་གཞི་ལྕི་བའི་གསོ་རིག་པ་ཞིག་ཡིན། ང་ཚོས་ངེས་པར་དུ་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ནད་པ་དེ་བས་མང་བ་སྐྱོབ་ཅི་ཐུབ་བྱེད་རྒྱུ་ཡིན། ”

རྩོམ་སྒྲིག་པ། : ཀླུ་མོ་མཚོ།