ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་རུ་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་གསར་བ1མང་དུ་སོང་ལ་བསྡོམས་པས་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ91ཟིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2ཚེས17ཉིན་གྱི་ཆུ་ཚོད20སྟེང་། ཀན་སུའུ་རུ་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ་གསར་བ1མང་དུ་སོང་བ་དང་།     དེ་ནི་ལན་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ1ཡིན། མིག་སྔའི་བར་དུ་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ91ཡོད་ལ།  ཚེ་ལས་འདས་པ2དང་། སྨན་ཁང་ནས་སྒོར་བུད་པའི་ནད་དཔེ58ཡོད། ནད་དཔེ31ད་དུང་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད། དེའི་ནང་ལན་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ14།  ཕིན་ལིའང་གྲོང་ཁྱེར་དུ་ནད་དཔེ6། ཀན་ལྷོ་ཁུལ་དུ་ནད་དཔེ4། པའེ་དབྱིན་གྲོང་ཁྱེར་དུ་ནད་དཔེ3། ཐེན་ཧྲུའེ་གྲོང་ཁྱེར་དུ་ནད་དཔེ1། ཏིན་ཞི་གྲོང་ཁྱེར་དུ་ནད་དཔེ1། ལུང་ནན་གྲོང་ཁྱེར་དུ་ནད་དཔེ1།   ཆིན་དབྱང་གྲོང་ཁྱེར་དུ་ནད་དཔེ1བཅས་ཡོད།  ནད་གཞི་ཚབས་ཆེན་ཕོག་པའི་ནད་དཔེ4ཡོད་པ་དང་ནད་གཞི་ཉེན་ཁ་ཅན་གྱི་ནད་དཔེ1ཡོད།

ནད་རྟགས་འདྲ་བའི་ནད་དཔེ་གསར་བ་མེད་པ་དང་། ད་ལྟ་ཡོད་པའི་ནད་རྟགས་འདྲ་བའི་ནད་དཔེ2ནི་ལན་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ1དང་ཀན་ལྷོ་ཁུལ་གྱི་ནད་དཔེ1བཅས་རེད།

མིག་སྔར་བསྡོམས་རྩིས་བྱས་ན་ཞིང་ཆེན་ཡོངས་སུ་འབྲེལ་འདྲིས་དམ་ཟབ་བྱས་ཡོད་པའི་མི4002ཡོད་པ་དང་། སྨན་བཅོས་ཚན་ཁག་གིས་མི3265ལ་ལྟ་ཞིབ་བྱས་ཟིན་པ་དང་མི737ལ་ལྟ་ཞིབ་བྱེད་བཞིན་པའི་སྒང་ཡིན།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།