ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡི་ལོ23ཅན་གྱི་སྐྱེས་པ་ཞིག་ཝུའུ་ཧན་ནས་ཕིང་ལེང་དུ་ལོག་ནས་ཉིན19འགོར་རྗེས་ནད་རྟགས་མངོན་པས་ཉིན14ཡི་སྨན་བཅོས་ལྟ་ཞིབ་དུས་ཡུན་ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ2པའི་ཚེས་9ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལ་གཞིགས་ན། ཀན་སུའུ་རུ་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ5ཡིས་ཇེ་མང་དུ་ཕྱིན་པའི་ཁྲོད་ཀྱི་ནད་པ་གཅིག་གི་གཞི་གྲངས་ལྟར་ན། ལོ23ཅན་གྱི་ནད་པ་དེ་ཝུའུ་ཧན་ནས་ཁ་བྲལ་ཏེ་ཀན་སུའུ་ཕིན་ལེང་གི་ཕ་ཡུལ་དུ་ལོག་ནས་ཟུར་བཀར་ཉིན14འགོར་བས་ཟུར་བཀར་སྨན་བཅོས་ལྟ་ཞིབ་མཚམས་བཞག་པ་དང་། དེ་ནས་ཉིན3གྱི་རྗེས་སུ་ནད་རྟགས་མངོན་པ་རེད། ཡང་གཅིག་བཤད་ན་ཉིན19ཡི་རྗེས་སུ་ནད་རྟགས་ཕྱིར་མངོན་པ་ཡིན་པས། ཚང་མས་དོགས་ཟོན་ནན་མོ་བྱ་དགོས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།