ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ་ཕུན་སུམ་ཚོགས་པའི་ངང་གྲོལ་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡༡༡༡༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས20ཉིན་གྱི་ཕྱི་དྲོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བས་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་སྟེ་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་ཕུན་སུམ་ཚོགས་པའི་ངང་གྲོལ།

ཐེངས་འདིའི་ཚོགས་ཆེན་ལ་ཞུགས་འོས་པའི་འཐུས་མི257 ཡོད་ཅིང་དངོས་སུ་ཞུགས་པའི་འཐུས་མི235ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་ཨན་ཅིན་ལུང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། བཀྲ་ཤིས་འཚོ། ཧོ་མོའུ་པའོ་སོགས་བསྡོམས་པས་མི32ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། བཀྲ་ཤིས་འཚོ། ཧོ་མོའུ་པའོ། ཧྲི་ཡོན་ཧྥུན། ཝང་ཡ་ནན། དབྱང་ཅན་གོ དབྱང་ཁྲང་ཏེ། སྒོ་མང་ཚང་བློ་བཟང་བརྩོན་འགྲུས་རྒྱ་མཚོ། ཧྲི་ཧྭ་ཞུང་། ཏུང་ཡན་ཆིན། ཧྲང་ཞུའེ་ཅེ་བཅས་ཡིན།

༢༢༢༢༢༢.jpg

ཀྲུའུ་ཞིའི་སྟེགས་བུར་བཞུགས་མཁན་ད་དུང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པའམ་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན། ཝང་ཧྥང་། ལིའང་ཝེ་ཅི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཧུང་ཚའེ། དབྱང་ཞའོ་ནན། ཨན་ཞུས་ལིན། སྒྲོལ་མ་སྐྱབས། ཀྲོའུ་མེ། དབྱང་ཞུའེ་ཧྥུན། མེང་ཡན་ལིན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་བཅས་ཡོད།

ཐེངས་འདིའི་གྲོས་ཚོགས་ཀྱིས་ད་དུང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་སྔར་གྱི་ཀྲུའུ་རེན་གཞོན་པ་ལི་ཧྲིན་ཀྲི ལིའུ་ཏེང་ཧྥུ། ཁུལ་སྲིད་གྲོས་ཀྱི་སྔར་གྱི་ཀྲུའུ་ཞི་གཞོན་པ་ཏིང་མུའུ་ཏེ་བཅས་གདན་དྲངས་པ་ལྟར་ཀྲུའུ་ཞིའི་སྟེགས་བུར་བཞུགས།

༣༣༣༣༣.jpg

ཚོགས་ཆེན་ལ་ཟུར་ཞུགས་བྱེད་མཁན་ད་དུང་ཁུལ་དམངས་ཆེན་གྱི་འཐུས་མི་མ་ཡིན་པའི་ཀན་ལྷོའི་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མི་དང་། ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་། ཁུལ་མི་དམངས་སྲིད་གཞུང་གི་བྱ་བྱེད་སྡེ་ཁག་དང་ཐད་གཏོགས་སྡེ་ཁག ཁུལ་རིམ་པའི་མང་ཚོགས་ཚོགས་པ་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོ། ཁུལ་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ། ཀན་ལྷོའི་མེ་གསོད་རོགས་སྐྱོབ་ཡན་ལན་རུ་ཁག ཞིང་ཆེན་ལ་གཏོགས་པའི་ཀན་ལྷོར་སྡོད་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་གཙོ་བོ་དང་། རྫོང་དང་གྲོང་ཁྱེར་སོ་སོའི་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། མི་དམངས་ཁྲིམས་ཁང་གི་འགོ་གཙོ་དང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་བཅས་ཡོད།

གྲོས་ཚོགས་ཀྱིས་ལག་པ་ཡར་བཀྱགས་ནས་བརྡས་ཐག་གཅོད་པའི་བྱེད་སྟངས་སྤྱད་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ2019ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2020ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

༦༦༦༦༦༦.jpg

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། བརྡས་ཐག་བཅད་ཅིང་གྲོས་ཞིབ་བྱས་ནསཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནོར་གནག་དང་བོད་ལུག་སྲུང་སྐྱོང་དང་གོང་འཕེལ་སྲོལ་ཡིགསྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། 《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། 《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེ་སྲོག་ཆགས་སྲུང་སྐྱོབ་ཀྱི་གཏན་འབེབས་འགའི་ཆོད་དོན》ལ་གྲོས་འཆམ་བྱུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་ཅིག་བཙུགས་པའི་གཏན་འབེབས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཨན་ཅིན་ལུང་གིས་ཚོགས་ཆེན་མཇུག་སྒྲིལ་སྐབས་སུ་བསྟན་པར། ཐེངས་འདིའི་ཚོགས་ཆེན་ནི་རང་ཁུལ་གྱིས“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ”མཇུག་སྒྲིལ་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་ཚོགས་པའི་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་རེད། ཚོགས་འདུའི་སྐབས་སུ་ཚོགས་ཞུགས་འཐུས་མི་ཡོངས་ཀྱིས་མི་དམངས་ཀྱི་མངགས་བཅོལ་ཡིད་ལ་བཅངས་ནས་ཐོག་མའི་ཕུགས་འདུན་མི་བརྗེད་པར་དམངས་གཙོ་དར་སྤེལ་གཏོང་བ་དང་རང་འགན་གཙང་སྒྲུབ་བྱས་ཏེ་ཆབ་སྲིད་ཀྱི་སྤྲོ་སེམས་འཕེལ་བ་དང་ཚད་མཐོའི་འགན་ཁུར་བའི་འདུ་ཤེས་ཀྱིས་གྲོས་འགོ་འདོན་པ། མི་དམངས་ཀྱི་ཚབ་བྱས་ནས་ས་གནས་དང་རྒྱལ་ཁབ། སྤྱི་ཚོགས་བཅས་ཀྱི་བྱ་བར་དོ་དམ་བྱེད་པའི་དབང་ཆ་སྤྱོད་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་གཅིག་སྡུད་སྒོས་མཚོན་ཡོད།

༤༤༤༤༤༤.jpg

༥༥༥༥༥.jpg

ཨན་ཅིན་ལུང་གིས་བསྟན་པར། མིག་སྔར“ལོ་བརྒྱ་གཉིས”ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་བསྣོལ་མཚམས་སུ་གནས་ཡོད་པས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཟི་བརྗིད་ལྡན་ཞིང་དཀའ་ཚེགས་ཆེ་བའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། ཚོགས་ཆེན་སྐབས་འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་ལས་ཞུགས་སློབ་གསོ་སྨན་བཅོས་སོགས་དམངས་འཚོའི་གནད་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ་ང་ཚོས་གོ་སྐབས་དམ་འཛིན་དང་། ཁུལ་ཡོངས་ཧྲིལ་བོ་དབུལ་ཐར་ལོ་རྒྱུས་གྲུབ་འབྲས་མཐོ་རུ་གཏོང་བ། རྨ་ཆུ་སྟོད་རྒྱུད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ། དུས་རབས་གསར་བའི་རྨ་ཆུའི་མཉམ་ལེན་ཆེན་པོའི་ཁྲོད་མི་དམངས་མང་ཚོགས་ལ་འཚོ་བ་དང་། བདེ་སྐྱིད་ཀྱི་ཚོར་སེམས། བདེ་འཇགས་ཀྱི་ཚོར་སེམས་བཅས་རྒྱུན་མཐུད་ཟབ་ཏུ་གཏོང་བ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་ཏུ་སྒྲིལ་བ། མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱ་དགོས།།  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།