ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་རུ“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ”10གསར་སྣོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༢༢༢.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྐོར་གསུམ་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་ཞེས་པའི་མཚན་སྙན་ལ་དངོས་སུ་ཆོག་མཆན་གནང་བའི་ཁྲོད་ཀན་སུའུ་ཡི་གྲངས་ཉུང་མི་རིགས་ཀྱི་གྲོང་ཚོ10དེའི་ནང་དུ་ཚུད་ཡོད། མིག་སྔའི་བར་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ27ཡོད་པ་རེད། 

གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་ཞེས་པ་ནི་གྲངས་ཉུང་མི་རིགས་ཀྱི་མི་འབོར་བལྟོས་བཅས་ཀྱིས་འདུས་སྡོད་བྱེད་པ་མ་ཟད། བསྡུར་ཚད་ཅུང་མཐོ་བ་དང་། ཐོན་སྐྱེད་དང་འཚོ་བའི་ནུས་པ་ཅུང་ཆ་ཚང་བ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཁྱད་ཆོས་དང་དེའི་འདུས་སྡོད་ཁྱད་ཆོས་མངོན་གསལ་ཡིན་པའི་རང་བྱུང་གྲོང་ཚོའམ་ཡང་ན་སྲིད་འཛིན་གྲོང་ཚོར་ཟེར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས2014ལོ་དང2017ལོར་སྔ་རྗེས་སུ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་སྐོར་གཉིས་ལ་མིང་བཏགས་པ་དང་འབྲེལ2019ལོར་སྐོར་གསུམ་པའི་མིང་འདོགས་ལས་དོན་སྤེལ་འགོ་ཚུགས་པ་རེད། 

༢༢༣༤༤༥.jpg

ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ27གྱིས་ཐོན་ལས་གྲུབ་ཚུལ་དང་། གྲོང་མིའི་སྡོད་ཁང་གི་བཟོ་དབྱིབས། གྲོང་ཚོའི་རྣམ་པ། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐད་ནས་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ཁྱད་ཆོས་གཅིག་བསྡུས་ཀྱིས་མཚོན་ཡོད་ལ། གྲངས་ཉུང་མི་རིགས་རྣམས་དུས་སྐབས་མི་འདྲ་བ་དང་། ས་ཁོངས་མི་འདྲ་བ། རིག་གནས་མི་འདྲ་བ་བཅས་ཀྱི་ཁྲོད་དུ་གནས་པ་དང་རིམ་འགྱུར་བྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་གཅིག་བསྡུས་ཀྱིས་མཚོན་ཡོད་པས། གྲངས་ཉུང་མི་རིགས་ཁག་གི་རིག་གནས་ཀྱི་གཞི་རྒྱུ་བལྟོས་བཅས་ཀྱིས་ཆ་ཚང་སོར་འཇོག་བྱས་ཡོད་པ་དང་། གྲངས་ཉུང་མི་རིགས་ཁག་གི་རིག་གནས་ཀྱི་ལོ་རྒྱུས་ཉིང་བཅུད་གཅིག་བསྡུས་བྱས་ཡོད། 

ཀན་སུའུ་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོའི་སྒོ་བྱང་འགེལ་བའི་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་པ་དང་། “དྲ་སྦྲེལ+”དང་ཟུང་འབྲེལ་བྱས་ནས་གོམ་གང་མདུན་སྤོས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོའི་སྐད་གྲགས་ཆོད་ཚད་དང་། སྙན་གྲགས་ཆེ་ཚད། ཤུགས་རྐྱེན་ཐེབས་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་རྒྱལ་ཁབ་ཕྱི་ནང་གི་མི་རིགས་རིག་གནས་ཡུལ་སྐོར་བྱ་ཡུལ་གྲགས་ཅན་བསྐྲུན་པར་རོགས་རམ་གསར་པ་མཁོ་འདོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།